www.dharmabook.ru tibetan OCR



གཡོན་གཉིས་ན་ཁ་ཊྭཱཾ་ག་འཁྱུད་ཅིང་ཐོད་པ་དང་དྲིལ་བུ་འཛིན་པ་སྟེ་ཕག་མོ་ཁ་དོག་
དམར་མོ་ལ་འཁྱུད་པའོ། མགོ་བོར་ཡི་གེ་ཧི་དང་འཁོར་ལོ་ཡོངས་སུ་ཞུ་བས་རྣམ་
པར་སྣང་མཛད་སེར་པོ་གཡས་ན་འཁོར་ལོ་འཛིན་པ་སྟེ་གཞན་རྣམས་སྔར་གྱི་བཞིན་
ཏེ་གཤིན་རྗེ་མ་སྔོན་མོ་ལ་འཁྱུད་པའོ། སྤྱི་གཙུག་ཏུ་ཧུ་དང་པདྨ་ཡོངས་སུ་ཞུ་བ་
ལས་པདྨ་གར་གྱི་དཔང་ཕྱུག་དམར་པོ་སྟེ། གཡས་ན་པདྨ་བསྣམས་ཤིང་རྨོངས་
བྱེད་མ་དཀར་མོའི་མགུལ་ནས་འཛིན་པ་སྟེ་ལྷག་མ་སྔ་མ་བཞིན་དུའོ། ཕྲག་པ་
གཉིས་ལ་ཡི་གེ་ཧེ་དང་རྡོ་རྗེ་ཡོངས་སུ་ཞུ་བས་དཔལ་ཧེ་རུ་ཀ་སྔོན་པོ་སྟེ་སྐྱོད་བྱེད་མ་
ལྗང་གུའི་མགུལ་པ་ནས་འཛིན་ཅིང་གཡས་ན་རྡོ་རྗེ་གདེངས་པ་བསྣམས་ཏེ་ལྷག་མ་སྔ་
མ་བཞིན་དུའོ། མིག་དག་ལ་ཡི་གེ་ཧོཿདང་རིན་པོ་ཆེ་ཡོངས་སུ་ཞུ་བས་རྡོ་རྗེ་ཉི་མ་
གསེར་བཙོ་མ་ལྟ་བུ་སྟེ། གཡས་ན་རིན་པོ་ཆེ་འཛིན་ཅིང་ནམ་མཁའི་ཁ་དོག་ཅན་
གྱི་སྐྲག་བྱེད་མ་ལ་འཁྱུད་པ་སྟེ་ལྷག་མ་སྔ་མ་བཞིན་དུའོ། དཔྲལ་བར་ཡི་གེ་ཧཾཾ་དང་
སྣ་ཚོགས་རྡོ་རྗེ་ཡོངས་སུ་ཞུ་བས་རྡོ་རྗེ་རྟ་མཆོག་ཁ་དོག་ལྗང་གུ་སྟེ་གཡས་ན་སྣ་ཚོགས་
རྡོ་རྗེ་འཛིན་ཅིང་གཏུམ་མོ་དུ་བའི་ཁ་དོག་ཅན་ལ་འཁྱུད་པ་སྟེ། གཞན་རྣམས་སྔ་
མ་བཞིན་དུའོ། ཐམས་ཅད་ལ་རྒྱན་ཀུན་གྱིས་བརྒྱན་ཅིང་གཡས་བརྐྱང་བས་
གནས་པ་ར་ལ་བའི་དབུ་རྒྱན་ཅན་དར་དཔྱངས་དང་ལྡན་པའོ། [༡]དཔལ་ཧེ་རུ་ཀ་
བདེ་མཆོག་གི་འགྲེ་ལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་པ་ཞེས་བྱ་བ་ལས་ལེའུ་དྲུག་པའི་
བཤད་པའོ།
དེ་ནས་ལེའུ་ལྔ་པར་སྒྲའི་ཡི་གེའི་ཚོགས་བཏུ་བ་གསུངས་པ་ལ། དབྱངས་ཀྱི་
ཡི་གེའི་སྦྱོར་བས་སྔགས་སུ་བསྡེབ་[༢]པར་བྱ་བའི་ཕྱིར་ན་དེ་ནས་དབྱངས་ཀྱི་[༨]ཞེས་པ་
ལ་སོགས་པ་གསུངས་སོ། དེ་ལ་བཅུ་གསུམ་པ་ཞེས་པ་ནི་ཡི་གེ་ཨོ་ཡིན་ནོ། ཡི་གེ་
9210

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*