www.dharmabook.ru tibetan OCR



གཉིས་པར་ཞེས་པ་ནི་ཚིག་གི་རིམ་པ་[༡]བཞིན་དུ་ཡི་གེ་མ་ལས་སྦྱར་བའི་དོན་ཏོ།
དབྱངས་ཀྱི་བཅུ་གཅིག་པ་ཞེས་པ་ནི་ཡི་གེ་ཨའོ[༢]། ཡི་གེ་དྲུག་པ་ཞེས་པ་ནི་ཡི་གེ་
ཏའོ༑ འདིའི་རིམ་པས་ལྷག་མ་ཐམས་ཅད་ལ་ཡང་སྦྱ་ར་བར་བྱའོ། [༢]དཔལ་ཧེ་
རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་པ་[༤]ཞེས་བྱ་བ་ལས་ལས་ལེའུ་
བདུན་པའི་བཤད་པའོ།
དེ་ནས་རང་གི་བདག་ཉིད་དུ་ཞེས་པ་ནི་གདོད་ནས་སྐྱེ་བ་མེད་པའི་ཆོས་ཐམས་
ཅད་བདག་མེད་པར་[༥]རང་བཞིན་གྱིས་ཡོངས་སུ་དག་པར་རང་གི་ངོ་བོར་མེད་ཅི་ང་
བསམ་གྱིས་མི་ཁྱབ་པ་སྙིང་རྗེ་ཆེན་པོའི་སྤྲུལ་པ་དང་སྒྱུ་མས་དཔའ་བོ་ཐམས་ཅད་ཀྱི་
ཡང་དག་སྦྱོར་བ་མཁའ་འགྲོ་མ་རྣམས་ཀྱི་དྲ་བ་བདེ་མཆོག་ཏུའོ་ཞེས་བྱ་བ་ཡིན་ཏེ།
རང་གི་སྙིང་པོའི་སྔགས་ཀྱི་ཡི་གེ་རྫོགས་པའི་དཀྱིལ་འཁོར་ནི་དཀྱིལ་འཁོར་དམ་པ་སྟེ་
སྐད་ཅིག་ཙམ་གྱི་ཡེ་ཤེས་ཀྱིས་རྫོགས་པར་བྱའོ། དེ་ཡང་། ཟུར་བཞི་པ་ལ་སྒོ་
བཞི་པ། ཏྭ་ར་ཎ་བཞིས་རྣམ་པར་བརྒྱན། དྲ་བ་དྲ་ཕྱེད་རྣམས་ཀྱིས་མཛེས།
དར་དཔྱངས་མེ་ཏོག་ཕྲེང་འཕྱང་བར། དཀྱིལ་འཁོར་ཕྱི་རོལ་བརྟག་པར་བྱ།
འཁོར་ལོ་རྩིབས་བརྒྱད་དབུས་ཉིད་དུ། སྣ་ཚོགས་པདྨ་བྲིས་པ་ལ། ཟླ་བ་ཉི་
མའི་དབུས་གནས་པ། ཧཱུཾཾ་ཡིག་ཡེ་ཤེས་ཀྱི་ས་རྫོགས་པར་། བདེ་བ་ཆེན་པོས་བ་དེ་
བར་བསྐྱེད། སྔོན་པོ་འཇིགས་ཆེན་ཅུང་ཟད་ད་དཀར། ཧ་ཧ་ཞེས་ཤིན་ཏུ་བཞད་
ཅིང་དྲག་པོ་ཆེན་པོ་མི་བཟད་པ་འཇིགས་པ་རྣམས་ཀྱང་མངོན་དུ་འཇིགས་པར་
མཛད་པ་ཞལ་བརྒྱད་པ་སྤྱན་གསུམ་པ་ལ་ཕྱག་བ་ཅུ་དྲུག་གིས་[༧]རྣམ་པར་བརྒྱན་པ།
མགོ་བོ་རློན་པའི་ཕྲེང་བས་བརྒྱན་ཅིང་སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན་པ་ཟླ་བ་ཕྱེད་
པ་རལ་བ་ལ་འཆང་བ་ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པའི་སྐུ་གཡས་བརྐྱང་བའི་གནས་
9211

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*