www.dharmabook.ru tibetan OCR



སྔོན་པོ་དང་། དེ་བཞིན་དུ་དམར་པོ་སྔོན་པོ་ལྗང་གུའོ། ཐམས་ཅད་ཀྱང་ཕྱག་
དྲུག་པ་སྤྱན་གསུམ་པ་རྣམ་པར་འགྱུར་ཞིང་འཇིགས་པ། རྒྱན་ཐམས་ཅད་ཀྱིས་
ཀུན་དུ་གང་བ་ཕྱོགས་ཀྱི་གོས་ཅན། སྐྲ་གྲོལ་བ་སྟེ་རོའི་སྟེང་ན་གཡས་བརྐྱང་བས་
བཞུགས་པ། བདུད་བཞི་རབ་ཏུ་གནོན་ཅིང་དབུ་ལ་ཐོད་པའི་ཕྲེང་བ་ཅན་ཤིན་
ཏུ་དྲག་མོ་པདྨ་དང་ནུ་མ་རྒྱས་པ་དང་ལྡན་པ་སྤྱན་ཟུར་གྱིས་གཟིགས་ཤིང་བཞད་པ།
ཐུགས་རྗེས་ཆགས་ཤིང་བདེ་བ་དམ་པའོ། མདའ་དང་གཞུ་འཛིན་པ་དང་ཕྱག་
ལྷག་མ་ནི་ཞགས་པ་དང་ལྕགས་ཀྱུའོ། གཡོན་ན་ཁ་ཊྭཱཾ་ག་དང་ཐོད་པའོ།
གཡས་ན་ཅང་ཏེའུ་དོཀོལ་བར་མཛད་པ་རྣམས་སོ། གྲ་བཞིར་ནི་བུམ་པ་བཞིའི་
སྟེང་དུ་ཐོད་པ་བཞིའི་ནང་ན་བྱང་ཆུབ་སེམས་ཀྱི་འོ་མས་རབ་ཏུ་བཀང་བ་རྣམས་སོ།
ཤར་དུ་ནི་ཡི་གེ་ཧེ་ཡིས་ཧེ་ལི་ཀ་ཞེས་བྱ་བའི་མཁའ་འགྲོ་མའོ། བྱང་དུ་ནི་ཡི་གེ་སཾ་
གིས་མཁའ་འགྲོ་མ་གདུ་བུ་མའོ། ནུབ་ཏུ་ནི་ཡི་གེ་རུ་ཡིས་གདུགས་ཕྲེང་མ་ཞེས་བྱ་
བའི་མཁའ་འགྲོ་མའོ། ལྷོར་ནི་ཡི་གེ་ ཾ།་ལས་ཀེང་རུས་མ་ཞེས་བྱ་བའི་མཁའ་འ་འགྲོ་
མའོ༑ མེ་རུ་ནི་ཧཱུཾཾུ་མཛད་མའོ། བདེན་བྲལ་དུ་ནི་ཕཊ་མཛད་མའོ། རླུང་དུ་
ནི་ཆེ་མཆོག་མའོ། དབང་ལྡན་དུ་ནི་ཀི་ལས་ཀི་ལི་ཀི་ལི་མ་ཞེས་བྱ་བའི་མ་མོ་སྟེ།
མ་མོ་དེ་བརྒྱད་ནི་བཅོམ་ལྡན་འདས་ཀྱི་ཞལ་མདོག་དང་མཐུན་པའོ། ཀུན་ཀྱང་
ཞལ་གཅིག་ཕྱག་བཞི་པ་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་ཐམས་ཅད་དྲིལ་བུ་དང་ཅང་
ཏེའུ་དང་གྲི་གུག་ཅན་ན་ནོ། ཕྱོགས་ཀྱི་གོས་ཅན་གཡས་བརྐྱང་བས་གནས་པ་ཐོད་
པའི་ཕྲེང་བ་དང་ཕྱག་རྒྱ་ལྔས་བརྒྱན་པ་རོའི་སྟེང་ན་གནས་པ་བསམ་པར་བྱའོ།
དྲག་མོ་ཆེན་མོ་འཇིགས་པ་དག་ཀྱང་འཇིགས་པར་བྱེད་མོའོ། དབང་ལྡན་གྱི་གྱི་གྲར་
ནི་སྐྱེད་བྱེད་མ་སྔོན་མོའོ། རླུ་ང་གི་གྲུར་ནི་ཁྱུ་མཆོག་མའོ། བདེན་བྲལ་དུ་ནི་
གསུས་འཕྱང་མ་འོ། མེ་རུ་ནི་རི་ཁྲོད་མ་སྟེ། རིམ་པ་བཞིན་དུ་སེར་པོ་དང་ལྗང་
9213

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*