www.dharmabook.ru tibetan OCR


དཔ་ལ་འཁོར་ལོ་སྡོམ་པའི་རྒུབ་ཐབས་གནས་པ་ཐམས་ཅད་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ།

གཟུགས་འཛིན་པར་འགྱུར་ར་རོ། གདོལ་པ་ཅན་གྱི་ཐལ་བ་ལ་བཟླས་ཞེས་པ་ལ་
སོགས་པ་ནི་དེ་ལྟར་བཤད་དོ། རིམས་ཀྱིས་གདབ་པར་འདོད་ན་ཡི་དྭགས་ཀྱི་སྙིང་
གར་གང་ཡིན་པའི་མིང་བར་དུ་བཅུག་པའི་འཁོར་ལོ་བྲིས་ན་དེ་ཉིད་ཀྱིས་དེ་རིམས་
ཀྱིས་བཟུང་[༡]ནས་འདར་ཞིང་གཡོ་བར་བྱེད་དོ། སྦོས་པར་བྱ་ན་ཡི་དྭགས་ཀྱི་མགོ་
བོར་རོ། དྲན་པ་ཉམས་པར་བྱ་ན་རླུང་དང་སྤྲིན་ལ་བྲི་བར་བྱའོ། ཁང་གཟེར་
བར་བྱ་ན་རྩེ་གསུམ་པ་ལ་བྱའོ། དུག་གི་མཛེ་ནད་ཀྱིས་གཟུང་ན་ལྟོ་འཕྱེའི་ལྟོ་བར་
རོ༑ མདོར་ན་གང་དང་གང་གིས་གཟུང་བར་འོདོད་ན་དེ་དང་དེའི་མཚན་མའི་
བར་དུ་མིང་[༢]བྲིས་ན་དེ་ཡིས་སྣ་ཚོགས་པའི་རྣམ་པར་བྱེད་ད་དོ། སྦྱིན་སྲེག་གི་མེའི་
ཐལ་བ་ཞེས་པ་ནི་སྔོན་དུ་བཤད་པའི་སྨན་གྱི་སྦྱིན་སྲེག་གི་ཐལ་བས་གཟུགས་བརྙ་ན་
བྱས་པའི་སྙིང་གར་འཁོར་ལོ་སྦས་ལ་ཐལ་བ་དེ་ཉིད་ཀྱིས་བསྣུན་ན་དེ་སུམ་ཅུ་རྩ་
གསུམ་པའི་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ང་ངོ་། ཆུ་ལ་ལན་བདུན་བཟླས་ཏེ་བསྣུན་
ན་སླར་སྣང་བར་བྱེད་དོ། ཐོད་པ་ཁ་སྦྱར་གྱི་ཕྱག་རྒྱ་ཞེས་པ་ལ། ཐོད་པ་ནི་
ཁྱི་སྨྱོན་པའི་ཐོད་པའོ། ཁ་སྦྱོར་ནི་དེའི་དབུས་[༢]གང་ཡིན་པའི་མིང་བར་དུ་
བཅུག་པའི་འཁོར་ལོ་བྲིས་ཏེ། སྨྱོ་བྱེད་ཀྱི་ཡན་ལག་ལྔ་དང་ཀུན་ནས་གཅིག་ཏུ་
ལྡན་པར་བྱས་ཏེ་བཞག་ནས་ཁ་སྦྱར་བའོ། ཕྱག་རྒྱ་ནི་དུར་ཁྲོད་ཀྱི་ཐལ་བའི་
འཇིམ་པས་སྲུངས་[༤]དམ་དུ་རྒྱས་བཏབ་བོ བཅིངས་ཞེས་པ་ནི་སྔགས་ལན་
བདུན་དུ་དབུགས་མི་འབྱིན་པར་[༥]བཟླས་ལ་དུར་ཁྲོད་དུ་བཀཽོས་ཏེ་གཞུག་པའོ།
གང་གི་མིང་ནས་ཞེས་པ་ནི་གང་ཡིན་པའི་མིང་བར་དུ་བཅུག་པ་སྟེ་དེ་སྨྱོ་བར་འགྱུར་
བའོ༑ དེ་ལྟ་བུས་སྐྱེ་བོ་[༦]ཅན་སྟོང་ཡང་སྨྱོ་བར་བྱེད་དོ། བཏོན་ཏེ་འོ་མས་
བཀྲུས་ན་[༧]འགྲོལ་ལོ། བཟང་པོའི་སྨན་གྱི་སྦྱོར་བ་འདི་དག་གིས་དེ་ལྟ་བུ་དག་
བྱེད་པར་ངེས་སོ། གཙུག་ཕུད་ལ་ལན་བཅུར་མངོན་པར་བསྔགས་ནས་ཞེས་པ་
9247

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*