www.dharmabook.ru tibetan OCR



ཡང་རྒྱ་ཁྱོན་ནི་ཇི་ཙམ་ཐ་ག་མའི་ལག་པས་འཁྱུད་མི་འཁྱུད་ཙམ་དུ་བྱའོ། གཞན་
ཡང་དཀར་པོ་དང་ནག་པོའི་ངོ་དང་སྐར་མ་རྒྱལ་གྱི་དུས་ཀྱི་རྣམ་པའི་ཆ་དེ་བཞིན་དུ་
ནལ་འབྱོར་པས་སྔགས་ཀྱིས་བསྒྲུབ་པར་བྱ་བ་ནི་སྟོང་ཕྲག་སུམ་ཅུ་རྩ་དགུར་བཟླས་
པས་སྣམ་བུ་དེ་ལ་མངོན་པར་བསྔགས་པར་བྱའོ། དེ་ནས་བརྒྱ་རྩ་བརྒྱད་དུ་མོངོན་
པར་བསྔགས་ཤིང་བདུག་པས་བདུག་གོ། ཨ་ག་རུ་ནག་པོ་དང་། སྦྲུལ་ནག་གི་ཤ་
དང་རུས་དུམ་གྱི་ནི་ནག་པོའི་ཕྱོགས་ལ་རྫོགས་པའི་སྣམ་བུ་བསྒྲུབ་བོ། དེ་ལྟ་བུར་
དཀར་པོའི་ཕྱོགས་རྫོགས་པའི་སྣམ་བུ་ལ་ཡང་སྦྲུ་ལ་དཀར་པོའི་ཤ་རུ་ས་དང་དུང་དུང་
ལྡན་པའི་བདུག་པས་སོ། བླ་མ་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་ལྷ་རུ་
སྦྱོར་བས་དམིགས་ལ་གུས་པས་མཆོད་པས་མཆོད་ད་དོ། དེ་ནས་སྐར་མ་རྒྱལ་ལ་གྲུབ་
པའི་སྣམ་བུ་དེ་[༡]རྣལ་འབྱོར་མ་རྣམས་ཀྱིས་བཀའལྭ་སྩལ་པ་[༢]འཐོབ་བོ དེའི་འོག་
ཏུ་དེའི་ལུས་ལ་གཡོགས་ཏེ་སྟོང་ཕྲག་བཅུ་རུ་བཟླས་ན་དངོས་གྲུབ་ཏུ་འགྱུར་རོ།
དེའི་གྲིབ་མ་ཙམ་ཡང་མི་མཐོང་ཞིང་དཔག་ཚད་སྟོང་གི་བར་དུ་ནམ་མཁའ་ལས་འགྲོ་
ཞིང་འོང་བ་དང་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ང་ངོ་། སྟེང་དུ་འབར་ཞིང་འགྲོ་བར་
འགྱུར་ཞེས་པ་ནི་སྤྲིན་མེད་འོད་ལ་སོགས་པར་ཡང་དེ་ཉིད་འགྲོ་བར་འགྱུར་བའོ།
དེ་ནས་སྦྲུལ་མགོ་གཉིས་པའི་ཁར་རྡོ་ལིག་བུ་མིག་བཅུ་ག་ལ་བར་སྣང་ལས་དུ་བའི་
ནང་ནས་དཔྱངས་ཏེ་བསྲེགས་པའི་ཐལ་བ་དང་། རང་བྱུང་གི་མེ་ཏོག་བསྲེགས་[༢]
པ་ལ་སྟོང་ཕྲག་སུམ་ཅུ་རྩ་དགུར་མངོན་པར་བསྔགས་སོ། དེ་ཡིས་མིག་ལ་བསྐུས་
ན་མི་སྣང་བར་འགྱུར་རོ། ཡང་ན་མི་ཤི་བའི་ཐོད་པར་སྦྲུལ་གྱི་རྒྱལ་པོ་དེ་ཉིད་[༤]ཤི་
བའི་རོ་གཏུམས་ཏེ་བསྲུལ་[༥]བའི་རུས་པ་བླངས་ཏེ་ཁྱེར་ལ་རྒྱ་མཚོར་འབབ་པའི་ཆུ་
ངོགས་སུ་སོང་ནས་དེའི་རུས་པའི་དུམ་བུ་ལ་སྟོང་ཕྲག་བཅུ་རུ་མངོན་པར་བསྔགས་
ཏེ༑ དེའི་ཆུ་ལ་བདར་བའི་ལྡེ་གུས་དཔྲལ་བར་ཐིག་ལེ་བྱས་ན་གྲིབ་མ་ཙམ་ཡང་མི་
92ཏྲ

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*