www.dharmabook.ru tibetan OCR



མཐིལ་མཉམ་པ་དང་། ལྟོ་བ་འཁྱིལ་བ་བུམ་པ་འདྲ། སྐད་ནི་བུམ་རྫ་ཆག་པ་
བཞིན། ཞི་རྒྱས་གཉིས་ཀྱི་ལས་ལ་སྦྱར། འདིར་འདོད་མ་ཡི་ལྷ་མོ་ནི། མིག་
གཅིག་ཞལ་མཚུལ་འོག་ཏུ་བལྟ། བཞིན་མདོག་ཙུ་[༡]ཏའི་མེ་ཏོག་བཞིན། དེ་
བཞིན་ལུས་ཏེ་སོ་རིང་མ། སྐྲ་ནི་རྩུབ་ཅིང་གྱོང་བ་དང་། འདོད་པ་ཤིན་ཏུ་མྱོང་
བར་དགའ་བ་དང་། བོང་བུ་ལྟ་བུར་སྨྲ་ཞིང་འགྲོ་བ་དང་། སྐྲ་དཀར་ཅན་དང་
དབྱིབས་སྒུར་[༢]པོ་དང་། ལག་པ་ཐུང་བ་དང་། གཟུ་གས་ཐུང་བ་དང་། ནུ་མ་
ཆེ་བ་དང་། སྨིན་མ་མཐུག་པ་དང་། དཔྲལ་བ་ཆུང་བ་དང་། བྱིན་པ་སྦོམ་པ་
དང་༑ དེ་ཡིས་བརྒྱབ་ན་མི་འཆི་བ་དང་། ཉེ་དུའི་ཚོགས་མི་གནས་པར་བྱེ་ད་པ་
སྟེ༑ དེ་ནི་ནག་པོའི་ལས་ལ་སྦྱར་བར་བྱའོ། བརྒྱད་པ་ཀྲྀཧྞ་ས་རི་མ་ནི་མཆོག་སྟེ་
ཀྲྀཧྞ་ས་རིའི་ལྟོ་བ་ལྟ་བུ་དང་། ཀྲྀཤྟ་ས་རིའི་རྐང་པ་ལྟ་བུ་དང་། དེ་བཞིན་དུ་
ཀྲྀཥྟ༐ས་རིའི་[༢]མགྲིན་པ་དང་། ཀྲྀཧྞ་ས་རིའི་མིག་དང་། སྐྲ༐་༐་ཟེར་དྲི་[༤]སྣུམ་ཞིང་ཕྲ་
བ་དང་། སོ་ཕྲ་བ་དང་། མཆུ་སྣུམ་པ་དང་། གཟུགས་ཤིན་ཏུ་མཛེས་པ་དང་།
ཡོངས་སུ་ཟླུམ་པའི་བཞིན་དང་། ཀུན་ནས་འཇམ་པ་དང་། མང་པོ་དགའ་བ་
དང་། མང་དུ་སྨྲ་བ་དང་། ཁྭའི་དབྱངས་འབྱུང་བ་ལྟ་བུ་དང་། ནོར་
རྫས་དང་མི་འབྲལ་བ་དང་། ངག་གཡོ་བ་དང་། སེམས་ཁྲོ་བ་དང་།
སྔིག་པ་བྱེད་མ་དང་། གཞན་གྱི་མཚང་འབྲུ་བ་དང་། ཡི་དྭགས་ཀྱི་ཚུལ་ཅན་དེ་
ནི་དབང་གི་ལས་ལ་སྦྱར་རོ། འདི་དག་ནི་བརྒྱད་དུ་གྲགས་པའོ། ཐོད་པ་དགྲ་
སྟ་ཞེས་པ་ལ་སོགས་པའི་མཚན་མ་བརྒྱད་པོ་ནི་ཇི་ལྟར་བཤད་པའི་རིགས་ཀྱི་རིམ་
པས་གཟུགས་ཅན་མ་ལ་སོགས་པའི་ཕྱག་གཙོ་བོ་རྣམས་ཀྱི་མཚ་ན་མའོ། གཡོན་
གཞན་དག་ནི་ཁ་ཊྭཱཾ་ག་དང་ཁྲག་དང་ཟླ་བར་ལྡན་པ་འཐུང་བ་ཅན་གྱི་ཐོད་པའོ།
འདི་དག་ནི་དཔ་ལ་ཧེ་རུ་ཀ་[༥]བ་དེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་
928

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*