www.dharmabook.ru tibetan OCR



ཞེས་པ་ནི་ལྷའི་རྣལ་འབྱོར་དུ་བདག་ཉིད་རིམ་པ་འདིས་བསྒོམ་པར་བྱ་བ་སྟེ།
གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་
པར་ཤེས་པ་རྣམས༐་བྷྲཱུཾ་དང་། ཨཱ་[༡]དང་། ཧྲཱིཿདང་། ཧ་[༢]དང་། ཧཱུཾཾ་དག་ལས་
རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་།
དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་རྣམས་སུའོ། ཧྲཱིཿལས་ནི་དེ་བཞིན་གཤེགས་
པ་ཐམས་ཅད་ཉིད་དུ་གྱུར་པ་དཔལ་ཧེ་རུ་ཀའོ། མིག་དང་། རྣ་བ་དང་། སྣ་
དང་༑ ལྕེ་དང་། ལུས་དང་། ཡིད་རྣམས་ནི་ཨོཾ་ཧཱུཾཾ་ཏྲཱཾ་ཨཱཾ་[༢] ཾ་ཧཾཾ་ལས་གཏི་མུག་
དང་༑ ཞེ་སྡང་དང་། སེར་སྣ་དང་། འདོད་ཆགས་དང་། ཕྲག་དོག་
དང་༑ དབང་ཕྱུག་རྡོ་རྗེ་རྣམས་སོ། ཛཿཧཱུཾཾུ་ ཾ་ཧོཿ ཾ་ ཾ་ལས་གཟུགས་ཀྱི་རྡོ་རྗེ་མ་
ལ་སོགས་པའོ། ལོཾ་ ཾ[་པཾ་ཏཱཾཾ་ལས་ས་དང་ཆུ་དང་མེ་དང་རླུང་དང་ ཾ་ལས་ནམ་
མཁའ་སྟེ། སངས་རྒྱས་ཀྱི་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་
དང་༑ སྒྲོལ་མ་དང་། རྡོ་རྗེ་ཕག་མོ་རྣམས་ས་སོ། ཨོཾ་ཨཱཧུ་ཧཱུཾཾ་སྟེ་དེ་རྣམས་
ལས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་སེམས་དཔའོ། ཆོས་ཀྱི་འཁོར་ལོ་ནི་
པདྨ་འདབ་མ་བརྒྱད་པ་ལ༐་བྷྲཱུཾ་ཨཱཾ་ཛྲཱི་[༤] ཾ་སྟེ། ཧཱུཾཾ་ནི་ལྟེ་བར་རོ། མཚམས་
རྣམས་སུ་[༥]ཨཱ་ཨཱི་ཨུ་ཨཻའོ། ལོངས་སྤྱོད་འཁོར་ལོ་ནི་ཆུ་སྐྱེས་འདབ་མ་བཅུ་དྲུག་
པའོ༑ ཨོཾ་ཨ་ཨི་ཨུ་ཨེ་དབྱངས་ཡིག་ལྔ་པོ་དེ་རྣམས་དགོད་པའོ། བདེ་བ་ཆེན་པོ་
ནི་ཆུ་སྐྱེས་འདབ་མ་སུམ་ཅུ་རྩ་གཉིས་པ་ལ་ལྟེ་བར་ཡི་གེ་ཧཾཾ་ངོ་། སྤྲུལ་པའི་འཁོར་
ལོ་ནི་ཆུ་སྐྱེས་འདབ་མ་དྲུག་ཅུ་རྩ་བཞི་ལ་ལྟེ་བར་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ། སྡེ་ཚན་
བརྒྱད་པོ་རྣམས་ཀྱིས་རྣམ་པར་བརྒྱན་པའོ། ཟླ་བ་དང་ཉི་མའི་རྣམ་པར་གསུངས་
པ་ནི་གཡས་དང་གཡོན་གྱི་སྣ་བུག་གོ། སྒོ་བཅུ་དྲུག་ཏུ་གསུངས་པ་ལས་ཁ་འོག་
ཏུ་བལྟས་པས་ཡི་གེ་ཀ་ལ་སོགས་པའི་དབུས་སུ་ཐིམ་པར་ཤེས་པར་བྱ་སྟེ། དེ་ལ་
9283

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*