www.dharmabook.ru tibetan OCR



བརྩོན་འགྲུས་ཆེན་མོའོ། དེ་ལྟ་བུའི་མཁའ་འགྲོ་མ་རྣམས་ཀྱི་རང་བཞིན་གྱི་ལུས་ནི་
ཆོས་ཀྱི་དབྱིངས་སུ་རབ་ཏུ་གྲགས་སོ། སྔགས་དང་ཕྱག་རྒྱར་ཡང་དག་སྤྱད།
རྣལ་འབྱོར་མ་[༡]རྣམས་གནས་སུ་བསྟན[༢]། ཞེས་པ་ནི་དེ་ལྟར་བཤད་དོ། མཚོན་
ཆ་རྣམས་བགོམ་པར་མི་བྱའོ་ཞེས་གསུངས་པ་ནི་སྨན་གྱི་དམ་པ་བདུད་རྩི་རྣམས་ཏེ་
མི་བསྐྱོད་པ་བསྟེན་པས་ནི་རྣལ་འབྱོར་པ་ནད་ཐམས་ཅད་རྣམ་པར་སྦྱོང་[༢]ང་ངོ་།
རྟག་པས་ནི་མདང་ས་ཆེན་པོར་འགྱུར་རོ། འོད་དཔག་ཏུ་མེད་པས་ནི་སྟོབས་ཆེན་
པོར་འགྱུར་རོ། རྡོ་རྫེ་ཉི་མས་ནི་མི་རྒས་སོ། སྲོག་ཆགས་ཐམས་ཅད་ཀྱི་ཡན་
ལག་ལས་བྱུང་བའི་དོན་ཡོད་པར་གྲུབ་པས་ནི་རྒྱལ་པོ་ཆེན་པོར་ཏེ་དོན་ཐམས་ཅད་
ཡོད་པར་འགྲུབ་ཅིང་དཔལ་དང་ལྡན་པ་དེ་ནི་རྣལ་འབྱོར་མ་དམ་ཚིག་དང་ལྡན་པར་
འགྱུར་རོ། རྣལ་འབྱོར་པས་རྟག་ཏུ་མི་བོསྐྱོད་པ་འཐུངས་ན་ཚེ་ལོ་ལྔ་བརྒྱར་འཚོ་འོ།
རྟག་པས་ཁྲི་ཕྲག་གཅིག་ཏུ་འོཚོ་བར་གསུངས་སོ། རྡོ༐་རྗེ་ཉི་མས་[༤]ནི་བྱེ་བར་རོ།
ཚེ་དཔག་མེད་ཀྱིས་ནི་ཚེ་དཔག་ཏུ་མེད་པར་ར་རོ།་།རྡོ་རྗེ་ཉི་མ་དང་འོད་དཔག་ཏུ་
མེད་པ་གཉིས་ནི་འཁོར་བ་སྒྲུབ་པའི་རྩ་བ་སྟེ། འདི་དག་རྣལ་འབྱོར་པས་བསྟེན་ན་
ཀུན་དུ་བཟང་མོ་[༨]དང་མཉམ་པར་འགྱུར་རོ། ལུས་ཉིད་དག་པས་[༦]བྱས་ནས་ནི།
སྔགས་དང་ཕྱག་རྒྱར་ཡང་དག་སྤྱད། ཅེས་པ་ནི། ཨོཾ་ནཱ་ནཱ་ས་མ་ཡ་ཤུདྡྷ[༧]ཿ
སརྦ་དྷརྨཱ་[༨]ནཱ་ནཱ་ས་མ་ཡ་ཤུདྡྷོ྅[༩]ཧཾཾཿ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཿ[༡༠]ཿ[༡༠]སྭ་བྷཱ་
བ་ཤུདྡྷོ྅[༡༧]ཧཾཾ། ཨོཾ་ཤཱུནྱ་ཏཱ་ཛྙ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅[༡༨]་ཧཾཾ་ཞེས་ས་སོ། རྣལ་
འབྱོར་གནས་རྣམས་སུ་ཞེས་པ་ནི་རང་གི་[༡༨]དབང་བསྐུར་རྡོ་རྗེའོ། མ་ཚོན་ཆ་
རྣམས་ནི་བགོམ་མི་བྱ། ཞེས་པ་ནི་འདི་ཡང་དམ་ཚིག་རྣམས་ཡོངས་སུ་བསྐྱང་[༡༧]་
བར་བྱའོ། དེས་ནི་དེ་བཞིན་གཤེགས་པའི་མཆོད་པ་ཆེན་པོར་འགྱུར་ར་རོ། རྩུབ་
མི་སྨྲ་ཞེས་པ་པ་ནི་ལམ་ཤིན་ཏུ་དག་པ་ལ་གནས་པའོ། མངོན་པར་བརྩོན་ཞེས་པ་
28བྱ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*