www.dharmabook.ru tibetan OCR


ཁསྟན་འགྱུར། སྦྲུད།

པའི་པགས་པའི་ན་བཟའ་འཛིན། གཞན་གཉིས་ཐོད་པ་ཁ་ཊྭཱཾ་ཅང་ཏེའུ་འཛིན།
ཚངས་པ་དང་ནི་བྱན་མོ་ར་བཅས་པ་དག གཡས་བརྐྱང་བ་ཡི་ཞབས་ཀྱིས་མནན་
པའོ༑ ལས་ཀྱི་མཁའ་འགྲོའི་མཚན་ཉིད་བསྟན་པ་ནི། ལྗང་གུ་སེར་པོ་དམར་པོ་
སྔོན་པོའི་མདོག དཀར་པོ་སྟེང་གི་ལྔ་པོ་དེ་བཞིན་ན་ནོ། སྣ་ཚོགས་རྡོ་རྗེ་དྲིལ་བུ་
སྙོམས་འཇུག་དང་། ཚོགས་བ་དག་པགས་པ་མཆོག་ཏུ་བསྣམས་པ་དང་།
གཞན་གྱིས་ཐོད་པ་ཁ་ཊྭཱཾ་ཅང་ཏེའུ་འུ་འཛིན། འཇིགས་ཤིང་འདར་བའི་ཚོགས་
བདག་ཆུང་མར་བཅས། གཡས་བརྐྱང་བ་ཡི་ཞབས་ཀྱིས་མནན་པའོ། ཆོས་ཀྱི་
མཁའ་འགྲོ་དམར་སྔོ་སེར་པོ་དང་། ལྗང་གུའི་སྟེང་གི་ཞལ་ནི་དཀར་བ་[༡]ཉིད།
པདྨ་དང་ནི་དྲིལ་བུ་སྙོམས་འཇུག་དང་། འདོད་ལྷའི་པགས་པ་བཤུས་པ་ར་བ་
མནབས་དང་། ཐོད་པ་ཁ་ཊྭཱཾ་ག་དང་ཅང་ཏེའུའུ་འོ། གཡས་བརྐྱང་བ་ཡི་ཞབས་
ཀྱིས་མནན་པ་ནི། འདོད་པའི་དབང་ཕྱུག་ཆུང་མར་བཅས་པའོ། རིན་ཆེན་
མཁའ་འགྲོ་སེར་སྔོ་དམར་ལྗང་ཞལ།་།དེ་བཞིན་དུ་ནི་སྟེང་ཞལ་[༢]དཀར་པོའོ།
རིན་ཆེན་ཕྱག་གཉིས་དྲིལ་བུ་སྙོམས་འཇུག་ཅིང་། དབང་པོའི་པགས་པ་བཤུས་
ནས་རབ་མནབས་དང་། ཐོད་པ་ཁ་ཊྭཱཾ་ག་དང་ཅང་ཏེའུ་འུ་འོ། གཡས་བརྐྱང་བ་
ཡི་ཞབས་ཀྱིས་མནན་པ་ནི། དབང་པོ་ཆུང་མ་དང་ནི་བཅས་པའོ། ཀུན་ཀྱང་
ཕྱག་དྲུག་སྤྱན་ནི་གསུམ་པ་ལ། དར་དཔྱངས་ཀྱིས་མཚན་རལ་པའི་དབུ་རྒྱན་ཅན།
མེ་དང་བདེན་བྲལ་རླུང་དང་དབང་ལྡན་གྲར། སངས་རྒྱས་མཁའ་འགྲོ་མ་དང་རྡོ་
རྗེ་མཁའ་འགྲོ་མ། པདྨའི་མཁའ་འགྲོ་མ་དང་ལས་ཀྱི་མཁའ་འགྲོ་མའོ། གཡས་
སྐོར་དང་པོ་དཀར་དང་སྔོ་དང་དམར། གཉིས་པ་སྔོ་དང་དཀར་པོ་སེར་པོ་འོ།
གསུམ་པ་དམར་དང་སྔོ་དང་སེར་པོ་སྟེ། བཞི་པ་ལྗང་གུ་སྔོན་པོ་སེར་པོ་འོ།
ཀུན་ཀྱང་ཞལ་གསུམ་ཕྱག་ནི་དྲུག་པ་ལ། སྤྱན་གསུམ་གཅེར་བུ་དབུ་སྐྲ་གྲོལ་བ་
9302

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*