www.dharmabook.ru tibetan OCR



རུ་ནི་རྡོ་རྗེ་འགྲུབ་པ་མའོ། མཁའ་འགྲོ་མ་དེ་དག་ནི་དངོས་གྲུབ་ཀྱི་དཀྱིལ་འཁོར་
དེ་ཀུན་ཀྱང་སྤྱན་གསུམ་པ། ཞལ་རྣམ་པར་གཅིགས་པ། ལྟོ་འཕྱང་མའི་སྒོ་སྐྱོང་
མའོ༑ གཞན་རྣམས་ནི་སྣ་ཚོགས་པའི་གཟུགས་ཅན་རྣམ་པར་སྒེག་པ་ཀུན་ཀྱང་
ཕྱག་རྒྱ་ལྔ་འཆང་བ་ཐོད་པའི་ཕྲེང་བས་རྣམ་པར་བརྒྱན་པ་ཞལ་གསུམ་པ་དཔའ་ཞིང་
སྒེག་པ་སྙིང་རྗེའི་རོས་གང་བ། བྲང་འཕེལ་ཆེ་ཞིང་ནུ་མ་རྒྱས་པ། སྐལ་ལྡན་
མ༑ གཅེར་བུ་སྐྲ་གྲོལ་མ་ཐུགས་རྗེ་ཆེན་པོ་ཆགས་པ་དམ་པའི་བདེ་བའི་ངོ་བོ་རོ་ལ་
ཞོ།ན་པ། མཆོག་ཏུ་དགའ་[༨]བ་དང་ལྡན་པ། ཐོད་པ་དང་། ཁ་ཊྭཱཾ་ག་དང་།
ཅང་ཏེའུ་བསྣམས་ཤིང་། གཡས་ན་ཞགས་པ་དང་། ལྕགས་ཀྱུ་འཛིན་པ་དང་།
གཞན་གཉིས་ན་རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བའོ། སྐུ་གསུང་ཐུགས་སུ་བྱིན་
གྱིས་བརླ་བས་ཏེ། གོ་ཆ་གཉིས་ཀྱིས་བརྒྱན་ཏེ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་
བཀུག་སྟེ་དབང་བསྐུར་ནས་མཆོད་པ་དང་། བསྟོད་པ་བྱས་ལ་བཟླས་པ་བྱའོ།
ཨོཾ་ཐཱི་བཛྲ་ཌཱ་ཀ་ཨཱཿཿཧྲཱིཿཧཱུཾཾ་ཌཱ་ཀ་[༢]ནཱི་ཛཱ་ལ་སམྦ་ར་ཧཱུཾཾ་[༤]ཧཱུཾཾ་ཕཊ་སྭཱ་ཧཱ་ཞེས་པ་མོས་པའི་
བསམ་པས་རྟག་ཏུ་སྤྲོ་ཞིང་བསྡུ་བའི༐་སྦྱོར་བའི་[༥]རྡོ་རྗེས་བརྟུལ་ཞུགས་ཆེན་པོ་དང་
ལྡན་པར་མི་གཡེང་བར་བཟླས་སོ། ཨོཾ་ཤྲཱི་བུདྡྷ་ཌཱ་ཀ་ཨཱཿབྷྲཱུཾ་[༦]ཧཱུཾཾ་ཌཱ་ཀི་ནཱི་ཛཱ་ལ་
སམྦ་ར་[༧]ཧུཾ་ཧཱུཾཾུ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་ཀརྨ་[༨]ཌཱ་ཀ་ཨཱཿ ཾ་ཧཱུཾ་ཌཱ་ཀི་ནཱི་[༩]ཛཱ་ལ་སམྦ་ར་ཧུ་ཧཱུཾཾ་
ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་པདྨ་ཌཱ་ཀ་ཨཱཿཿཧྲཱིཿཧཱུཾཾ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་ཧིུ་ཧཱུཾཾུ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི
རཏྣ་ཌཱ་ཀ་ཨཱཿཿཨོཾ་ཧཱུཾཾ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་ཧུ་ཧཱུཾཾ་ཕཊ་སྭཱ་ཧཱཿ ཨོཾ་ཤྲཱི་བཛྲ་བཱ་རཱ་ཧཱི་བཾ་ཧུཾ་ཧཱུཾཾ་
ཕཊ་སྭཱ་ཧྭ དེ་ལྟ་བུར་ནི་མཁའ་འགྲོ་མ་ཐམས་ཅད་ཀྱི་སྔགས་སུ་ཡང་རབ་ཏུ་
བཟླས་པར་གྲགས་སོ། འདི་ནི་དམ་ཚིག་དང་སྡོམ༐་པ་བླང་[༡༠]སྟེ། རྡོ་རྗེ་དང་
མཉམ་པར་རབ་ཏུ་འགྲུབ་པའོ། མཆོག་འབྲིང་ཐ་མ་ལྷན་ཅིག་འགུགས། ཞེས་
པ་ལ་སོགས་པ་ནི་གང་དང་གང་གཞན་ན་གནས་པ་སྔོན་དུ་གྲུབ་པ་དམ་ཆིག་དང་
9304

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*