www.dharmabook.ru tibetan OCR



ཐུགས་ལ་རྒྱས་བཏབ་པའོ། སུམ་མདོར་མེའི་དཀྱིལ་དུ་རང་བྱུང་གི་ལྷག་པའི་ལྷ་
བསམས་ལ། སྣོད་ཤིན་ཏུ་བཀྲ་ཤིས་པའི་སྣོད་ལས་བསྲེག་[༡]རྫས་དེ་ཉིད་ཕུལ་བ་ནི་
ལས་ཐམས་ཅད་[༢]པ་སྟེ། དཔའ་བོས་གཉིས་སུ་མེད་པས་སྙོམས་པར་འཇུག་པར་
བྱའོ༑ ཨོཾ་ཨཱཿབཾ་ཧཱུཾཾ་སྔགས་ཀྱིས་དེའི་ལུས་སུ་བསྐྱེད་ལ་[༢]ཧཱ་ཧཱ་དང་ས་ཥྭི་དཱ་ཞེས་པའི་
སྒྲ་གཉིས་པོ་ཡང་དག་པར་ཟློས་ཤིང་། ཇི་ལྟར་བདེ་བར་[༤]འགྱུར་བ་ན་ག་པུ་ར་
རང་བཞིན་གྱི་དགའ་བ་རབ་ཏུ་གསལ་བ་མེའི་དཀྱིལ་འཁོར་རབ་ཏུ་འབར་བ།
འཇིག་པའི་མེ་དང་མཉམ་པའི་འོད་ལྟ་བུ་དེར་ཕུང་པོ་ལྔ་པོ་མཐའ་དག་མེད་པར།
དེར་སྲེག་བླུགས་སུ་བྱའོ། དེ་ལྟ་བུས་ནི་ཕུང་པོ་ཐལ་བར་སོང་ཡང་འཚོ་བ་སྟེ།
ཆོས་རྣམས་ཀྱི་ར་ང་བཞིན་འགག་པ་མེད་པའི་ཆོས་ཉིད་སྙིང་རྗེ་ཆེན་པོ་དང་། སྨོན་
ལམ་གྱིས་བསྐྱེད་པ་སངས་རྒྱས་ཐམས་ཅད་དང་མཉམ་པར་གསལ་བའོ། འདིས་
ནི་རྒྱས་པ་སྟེ་བདེ་བ་ཆེན་པོ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀྱིལ་འཁོར་དུ་
འབྱུང་བས་[༥]ནའོ། ཞི་བ་ནི་ཉོན་མོངས་པ་རྣམས་ཤིན་ཏུ་ཞི་བའི་དོན་ཏེ། ཤིན་
ཏུ་སྟོང་པ་ཉིད་གཞི་མེད་པ་ནམ་མཁའ་དྲི་མ་མེད་པ་ལྟ་བུའོ།་།དབང་ནི་ཕྱག་རྒྱ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་པ་ཡིན་ནོ། དཔལ་ཧེ་རུ་ཀའི་སྤྲུལ་པ་
ནི་ཞེས་པ་ནི། ཁམས་གསུམ་པོ་དཀྱིལ་འཁོར་གྱི་བདག་ཉིད་ད་དོ། ཉེར་སྤྱོད་ཅེས་
པ་ནི། སངས་རྒྱས་རྣམས་ཇི་ལྟ་བར་ནི་སེམས་ཅན་རྣམས་པར་[༦]དེ་བཞིན་ཏེ།
གཉིས་སུ་མེ་ད་པའི་དོངོས་པོའི་མཚན་ཉིད་པས་སོ། བསྟན་པ་ཀུན་རྣམས་ཤེས་
ཞེས་པ་ནི། སངས་རྒྱས་ཀྱིས་དེ་ཁོ་ན་ཉིད་དུ་བསྡུས་པར་རོ། དེ་ལྟ་བུའི་དཔའ་
བོའི་ཕྱག་རྒྱ་དང་གཉིས་སུ་མེ་ད་པར་སྦྱོར་བ་ནི་སྟོན་མོར་གསུངས་སོ། གཞན་ཡང་
དམ་ཚིག་བཟ་ང་པོ་རྣམས་ཀྱི་དངོས་གྲུབ་ཉེ་བར་བསྐྱེད་པར་བྱ་ཞིང་གཞན་ཡང་
བདག་ཉིད་ཀྱི་མ་ཡིན་པ་གཞན་གྱིས་ཡོངས་སུ་གཟུང་བའི་རྫས་ནི་མ་ཡིན་ཞིང་ཁ་ན་
914

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*