www.dharmabook.ru tibetan OCR



གསུངས་ཤེ་ན། རིགས་ཀྱི་རིགས་མཆོག་ཕྱུགས་ཉིད་ད་དོ། ཞེས་གསུངས་པ་ལ།
ཕྱུགས་ཞེས་པའི་སྒྲ་ནི་འདིར་རིགས་རྣམས་[༡]ཀྱི་ནང་ན་རིགས་ཀྱི་མཆོག་ལ་བྱ་བྱ་བའི་
བརྡར་ཕྱུགས་ཞེས་བྱ་བ་ཡིན་ཏེ། ཡོན་ཏན་ཐམས་ཅད་དང་ལྡན་པའི་ཕྱིར་ན་འོ།
སྔོན་དུ་གསུངས་ཞེས་པ་ནི། སྔོན་དུ་གསུངས་པའི་ཇི་ལྟ་བུའི་རིམ་པས་སྐྱེ་བ་
བདུན་པ་རབ་ཏུ་མཚན་པའོ། དེ་ནས་ཐུན་མོང་རྣམས་ཏེ། མ་རྒས་པ་དང་།
འབྲས་ནད་ལ་སོགས་པ་དང་བྲལ་བའི་དམ་ཚིག་རྙེད་ན་ཡང་ངོ་། ཡང་ན་སྔོན་དུ་
གསུངས་ཞེས་པ་འདི་ནི་ལག་པའི་བརྡ་ཇི་ལྟར་གསུངས་པ་སྟེ། ཆོ་ག་དེས་གནས་
དང་ཉེ་བའི་གནས་དང་ཞིང་ལ་སོགས་པར་དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་
ཚོགས་ཀྱི་འཁོར་ལོ་ཆེན་པོ་མདུན་དུ་བྱས་ལ་ཕྱུགས་རྣམས་བཀུག་སྟེ་གཟུང་ངོ་།
དཔལ་ཧེ་རུ་ཀའི་བདག་ཉིད་ཀྱི་རྣལ་འབྱོར་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ་དངོས་གྲུབ་
བསྒྲུབ་པའོ། གོང་འོག་སྤྱིར་མ་བཀྲལ་བ་རྣམས་ནི་གསལ་ལོ། ཁྱི་མོ་ནག་མོའི་
འོ་མ་དང་། འབྲས་ཆན་མ་ཤ་ནག་པོར་ལྡན། ཞེས་པ་ནི་རོ་ལང་ས་ཆེན་པོ་སྒྲུབ་
པའི་དོན་ཏོ། ཐོག་མར་ཏིང་ངེ་འཛིན་དང་ཉེ་བར་སྤྱོད་པ་རྣམས་ཀྱི་ས་མཆོད་དེ་
སྙིང་པོའི་སྔགས་འབུམ་དུ་བཟླས་ལ། དེ་ནས་རེ་ཞིག་སྒྲུབ་པ་བརྩམ་པར་བྱའོ།
དཔྱང་ལ་བཏགས་པའམ་གཞན་དག་རྙེད་ཀྱང་རུང་སྟེ། དེ་ཡང་གཟུགས་བཟང་པོ་
རང་ཉིད་འཕོས་པ་དག་ནག་པོའི་ཚེས་བརྒྱད་དམ་བཅུ་བཞིའི་དུས་སུ་དབེན་པའི་
ཡུལ་ཕྱོགས་དང་། རི་རྩ་[༢]དང་། དུར་ཁྲོད་དག་ཏུ་སོང་སྟེ། དུར་ཁྲོད་ཀྱི་རྫས་
ཐམས་ཅད་ཕྱེ་མར་བཏགས་པས་རིམ་པ་ཇི་ལྟ་བ་བཞིན་དཀྱིལ་འཁོར་བྱ་སྟེ། གྲུ་
བཞི་པ་ལ་སྒོ་བཞི་པ། ཏྭ་ར་ཎ་དང་ཀ་བར་ལྡན། དབུས་སུ་འདབ་བརྒྱད་སྣ་
ཚོགས་མདོག ལྟེ་པར་ཉི་མ་ལྡན་པ་[༢]བྲི། སེམས་ནི་ཤིན་ཏུ་ཆེར་དཔའ་བ།
སྒྲུབ་པོ་གྲོགས་མཆོག་དང་ལྷན་ཅིག སྤོས་དང་མེ་ཏོག་རྒྱལ་མཚན་དགྲམ།
98

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*