www.dharmabook.ru tibetan OCR


དཔལ་འཟློར་ལོརྗོམ་པ་འི་སྦྲུབ་ཐབས་གནས་པ་ཐམས་ཅད་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ།

རབ་ཟུར་བཞི་པ། དཔག་ཚད་བརྒྱད་ཁྲི་མཚོར་ནུབ་ཅིང་། བརྒྱད་ཁྲི་སྟེང་དུ་
འཕགས་པ་རིན་པོ་ཆེ་སྣ་བཞི་ལས་བྱུང་བའི་གྲུ་བཞི་པ་ཁ་ཁྱེར་གདུགས་ལྟ་བུར་
གནས་པར་བྱའོ། རྒྱར་ནི་དཔག་ཚད་བརྒྱད་ཅུའོ། དེའི་ཤར་དུ་ཡི་གེ་ཨ་ཡོངས་
སུ་ཞུ་བ་ལས་ཤར་གྱི་ལུས་འཕགས་པོ་རྒྱ་རུ་དཔག་ཚད་སྟོང་ཕྲག་བརྒྱད་ཆུར་སྟོང་
ཕྲག་དགུ་དང་ལྡན་པའི་དབྱིབས་ནི་ཟླ་བ་ཕྱེད་པ་ལྟ་བུའོ། བྱང་དུ་[༡]ཡི་གི་ཨེ་[༢]་
ཡོངས་སུ་ཞུ་བ་ལས་བྱང་[༢]སྒྲ་མི་སྙན་དབྱིབས་གྲུ་བཞི་རྒྱར་ྒྱར་ནི་དཔག་ཚད་སྟོང་ཕྲག་
བཅུའོ། ནུབ་ཏུ་ནི་ཡི་གེ་ཨུ་ཡོངས་སུ་ཞུ་བ་ལས་ནུབ་ཀྱི་བ་ལང་སྤྱོད་ཟླ་བ་གང་བ་
ལྟ་བུ་རྒྱར་དཔག་ཚད་སྟོང་ཕྲག་དགུའོ། ལྷོར་ནི་ཡི་གེ་ཨེ་ཡོངས་སུ་ཞུ་བ་ལས་
འཛམ་བུའི་གླིང་གྲུ་གསུམ་པ་རྒྱར་དཔག་ཚད་སྟོང་ཕྲག་བདུན་པ་སོག་[༤]ཀ་ལ་རྩ་བ་ལྷོ་
རུ་བལྟས་ཤིང་ཁ་ཁྱེར་བྱང་དུ་བལྟས་པའོ། འདི་རྣམས་ཀྱི་ཤར་དང་ལྷོ་དང་ནུབ་
དང་བྱང་གི་བར་མཚ་མས་རྣམས་སུ་གཉིས་གཉིས་ཏེ། ཨཱ་ཨཱི་ཨུ་ཨེ་རྀ་རྀུ་ལྀ་ལྀུ་ལས་
སོ༑ ཡི་གེ་དེ་རྣམས་ཀྱིས་ལུས་ཅན། ཞེས་[༥]དང་། ལུས་འཕགས་ཞེས་པ་
དང་༑ སྒྲ་མི་སྙན་ཞེས་པ་དང་། སྒྲ་མི་སྙན་གྱི་ཟླ་ཞེས་པ་དང་། [༦]བསིལ་
ཡབ་གཞན་ཞེས་པ་དང་། གཡོ་ལྡན་ཞེས་པ་དང་། ལམ་མཆོག་འགྲོ་ཞེས་པ་སྟེ་
ཉེ་བའི་གླིང་བརྒྱད་དོ། གླིང་རེ་རེ་ལའང་གླིང་ཕྲན་ལྔ་བརྒྱ་ལྔ་བརྒྱས་བསྐོར་བར་
བྱའོ༑ དེའི་སྟེང་དུ་ཡི་གེ་རེ་ཕ་ཡོངས་སུ་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་རོ།
དེའི་སྟེང་དུ་ཡི་གེ་ཧཱུཾཾ་དེ་ཉིད་ཡོངས་སུ་ཞུ་བ་ལས་རྡོ་རྗོའོ། དེའི་ལྟེ་བའི་ཡི་གེ་ཧཱུཾཾ་
གིས་རྡོ་རྗེའི་ཕུར་བུ་དང་ར་བ་བསམ་ཞིང་། བཀའི་འཁོར་ལོ་རྡོ་རྗེ་ཧཱུཾཾུ་མཛད་དང་
པཅས་པ་བསྒོམ་མོ། རྡོ་རྗེ་ཧཱུཾཾ་མཛད་ཡོངས་སུ་ཞུ་བ་ལས་ཀུན་དུ་བཟང་པོ་ས་
གསུམ་མི་ཕྱེད་པའི་བདག་ཉིད་ཅན་གྱི་ཆོས་ཀྱི་འབྱུང་གནས་དཀར་པོ་གྲུ་གསུམ་གྱེན་
དུ་གནས་པ་མཐའ་ཡས་པ་ནང་གི་ནམ་མཁའི་རང་བཞིན་ཅན་དེར་པདྨ་དམར་པོ་ལ་
93 7

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*