www.dharmabook.ru tibetan OCR



བ་དག་ལྡང་བར་བྱེད་དོ། བདག་ཉིད་ཀྱི་འཆི་བའང་གཞན་དུ་འགྲོ་བར་འགྱུར་
ཞིང་༑ ནད་ལས་ཀྱང་རྣམ་པར་གྲོལ་རོ། སྟོན་ཀའི་དུས་ཀྱི་ཟླ་བ་ལྟ་བུའི་ལག་པ་
གཡོན་པའི་མཐེབ་སྙིང་ལ་ཡི་གེ་པཾ་[༡]གྱིས་རི་བོང་འཛིན་གྱི་གཟུགས་རྫོགས་པར་བྱ་
སྟེ༑ ལྕེའུ་ཆུང་རྩེ་མོར་ྩེ་མནན་པའི་བདུད་རྩི་དང་། ཧཾཾ་གི་རིམ་པས་མི་འཆི་བ་
བཟའ་བར་བྱའོ། དེ་ནས་རྡོ་རྗེ་ཕྱིར་བཟློག་མའི་ཆོ་གའི་རིམ་པས་བསྲུང་བར་
འགྱུར་བ་བཤད་ད་དེ། བདག་ཉིད་ཁྱབ་བདག་ཕྱིར༐་བཟློག་མ་[༢]རྡོ་རྗེ་དཀར་མོ་ལ་
སྔོན་པོ༐་དང་དམར་པོ་དང་[༢]སེར་པོ་ནི་གཡས་པའི་ཞལ་རྣམས་སོ། གཡོན་པ་
རྣམས་ནི་ལྗང་གུ་དང་དམར་པོ་དང་དུད་ཀའོ། སྟེང་གི་ཞལ་ནི་དཀར་པོ་ཆེན་
པོའོ༑ ཟླ་བ་ལ་བཞུགས་ཤིང་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། ན་བཟའ་
དཀར་པོས་མཛེས་པར་བྱས་པའོ། གཡས་བརྐྱང་བའི་ཞབས་ཀྱི་སྦྱོར་བས་འཆི་
བདག་གི་བདུད་མནན་པ། སངས་རྒྱས་ལྔའི་དབུ་རྒྱན་ཆེན་པོ་ཅན། འཆི་བ་
ཡང་དག་པར་འཚོ་བའི་མཆོག་སྤྱན་གསུམ་པ་ཞི་བ་ཐུགས་རྗེ་ཆེན་པོའི་རོས་དགའ་
བའོ། ཕྱག་ན་སྔིགས་མཛུབ་དང་བཅ་ས་པའི་རྡོ་རྗེ་ཁ་གྱེས་པ་གསོར་བ་དང་།
གཞན་ན་དྲིལ་བུ་དང་ཞགས་པ་འཛིན་པའོ། ཡང་གཞན་ན་རལ་གྲི་དང་། དགྲ་
སྟ་དང་། གཏུན་[༤]ཤིང་དང་། ཞགས་པ་དང་། ཐོད་པ་དང་། མི་འཇིགས་
པ་དང་། ལྕགས་ཀྱུ་ཅན་དང་། གཞུ་དང་མདའ་ནི་[༥]རྟག་ཏུ་འགེངས་པ་དང་།
ཁ་ཊྭཱཾ་ག་དང་ཐོད་པ་དང་། བདུད་རྩིའི་ཐོད་པ་དང་། པདྨ་དང་དུང་དང་།
དབང་བསྐུར་བའི་ཕྱག་རྒྱ་སྟེ་ཕྱག་བཅུ་དྲུག་པའོ། འདི་ཉིད་ཀྱི་ཐུགས་ཀར་འཁོར་
ལོ་བསམ་པར་བྱ་སྟེ། འདབ་མ་བརྒྱད་པའི་པདྨ་གེ་སར་དུ་ལྡན་པ་བྲིས་པའི་ལྟེ་
བར་རྡོ་རྗེ་རྩེ་མོ་བཅུ་གཉིས་པའི་སྣ་ཚོགས་རྡོ་རྗེའི་དཀྱིལ་འཁོར་[༦]དུ་ཡི་གེ་ཧཱུཾཾ་གི་ཁོང་
པར་ཡི་གེ་བཾ་དང་ལྡན་པར་བྲིའོ། ཡི་གེ་བཾ༐གྱི་ཁོང་པ་ར་[༧]བསྒྲུབ་བྱའི་མིང་ཡི་གེ་
934

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*