www.dharmabook.ru tibetan OCR



བ་ལས་ལེའུ་བཞི་བཅུ་པའི་རྣམ་པར་བཤད་པའོ།
དེ་ནས་ལས་ཀྱི་རབ་མཆོ་ག་ནི། གང་ཞིག་ཤེས་ན་སྒྲུབ་པ་པོས། ཞེས་པ་
ལ་གང་ཞིག་ཅེས་པ་ནི་སྔགས་ཏེ། དེ་ཁོ་ན་ཉིད་སྦས་པས་དཀའ་བར་འགྱུར་བས་
ན། བླ་མའི་ཞལ་དང་རྒྱུ་ཕྱི་མ་དག་ལས་གོ་བར་བྱའོ། དེ་ལྟར་ཡང་གསུངས་པ།
རང་གི་ཆོ་གའི་ལས་མི་རིག གང་ན་ལས་རྣམས་གསལ་བ་ཡི། རྒྱུད་དེའི་རྗེས་
སུ་འབྲངས་ནས་ནི། མཁས་པས་ཆོ་གའི་གཞི་རིག་བྱ། ཞེས་གསུངས་སོ།
དེའི་མན་ངག་གི་རིམ་པ་ནི་འདི་ལྟ་སྟེ། རྡོ་རྗེ་རྟ་ཕོའི་འགྲོས་ཀྱིས་འགྲོ་བ་ཉིད་དེ་
གཤིན་རྗེ་དང་། ཡི་དྭགས་དང་། དེ་བཞིན་དུ་གཞན་ཡང་རོ་ལངས་དང་།
སྲིན་པོའི་ཁྱད་པར་རྣམས་ཟུང་རེ་སྒོ་སྟོང་པ་རྣམས་སུ་གནོད་མཛེས་ཀྱིས་མནན་པ་
རྣམས་སོ། གྲ་རྣམས་རྡོ་རྗེ་དང་ཡང་དག་པར་ལྡན་པའོ། སྔགས་ཀྱི་ཕྲེང་བའི་
ཁྱད་པར་ནི། འཁྲུལ་འཁོར་ཆེན་པོ་བཅུ་གཉིས་ཏེ[༡]། ཀླད་ན་མོའི་གཞུང་
གསུམ་སྟེ་བཅོ་ལྔ། དེ་དག་དྲན་ཞིང་ཤེས་པ་ཙམ་གྱིས་སྒྲུབ་པ་པོ་ལ་དངོས་གྲུབ་ཀྱི་
མཆོག་སྟེར་བའི་གཞི་པོ་རྫ་རྔ་དེ་ནས་བཅིང་བར་བྱས་ལ་སྔགས་རྣམས་རབ་ཏུ་དགོད་
པར་བྱའོ། དེ་ཡང་དང་པོར་དབང་ལྡན་ནས་གཡས་སྐོར་དུ་རེ་མིག་རྣམས་ལ་
མངོན་དུ་གནས་པར་སྦྱར་བར་བྱའོ། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་[༢]ཧུཾ་ཧཱུཾཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་
ཧུ་ཧཱུཾཾ་ཕཊ། ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧུ་ཧཱུཾཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿ བྷ་ག་བཱན་བིདྱ་
རཱ་ཛ་ཧཱུཾཾ་[༢]ཧཱུཾཾ་ཕཊ། དབུས་ཀྱི་རེ་མིག་ཏུ་ཇི་ལྟ་བའི་ལས་དང་རྗེས་སུ་མཐུན་པར་ལྷ་
སྦྱིན་ཞེས་བྱ་བ་བྲིའོ། ཡང་ན་འདིར། ཨོཾ་སུཾ་བྷ་ཧུ་ཧཱུཾཾ་ཕཊ། ཨོཾ། གཞུང་
གཉིས་པའོ། ཧཱུཾཾ་ཕཊ་ནི། དེ་ཧཱུཾཾ་ཕཊ། གྲྀྀ། གསུམ་པའོ། ཧཱུཾ་བྷ་སུཾ་གྲྀཧྞ་
གྲྀཧྞ་ཕཊ། ཅེས་པ་ནི་བཞི་པའོ། ཧཱུཾཾུ། དེ། ཧཱུཾ།དེ་ཧཱུཾ། ལྔ་པའོ། ཧོཿབྷ་


*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*