www.dharmabook.ru tibetan OCR



སྤྱོད་ཡུལ་ལས་འདས་པའོ། ཞེས་གསུངས་སོ། ཁྱད་པར་ཅི་ཞེས་པ་ལ་གསང་བ་
ཞེས་གསུངས་ཏེ། གསང་བ་ནི་རྩ་བར་བྱ་བ་སྟེ། འདི་ཀུན་ཉན་ཐོས་ལ་སོགས་པ་
ལ་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། ཡང་ན་ནི་ཤེས་རབ་དང་ཐབས་གཉིས་
ལྷན་ཅིག་ཏུ་གཅིག་ཏུ་གྱུར་པ་ལས། བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ནི་གསང་
བའོ༑ ཡང་ན་རྡོ་རྗེ་དང་པདྨ་དང་བྱང་ཆུབ་ཀྱི་སེམས་གསུམ་ནི་ར་ཧ་ཤྲའོ། ར་
ཞེས་བྱ་བ་རྡོ་རྗེར་བ་རྗོད། ཧ་ཞེས་བྱ་བ་པདྨ་སྟེ། དེ་གཉིས་དག་གི་ས་བོན་ནི།
ཤྲ་རུ་མངོན་པར་བསྟན་པའོ། དེ་ལ་ར་ནི་རྡོ་རྗེ་རྩེ་མོ་དང་འདྲ་བའི་ཕྱིར་རོ། ཧ་
ནི་ཁྭ་གདོང་མའི་ཕྱིར་དང་། ས་དང་ཡ་གཉིས་སྦྱར་བ་ནི་གཉིས་ཀའི་ས་བོན་གྱི་ངོ་
བོ་ཉིད་ཀྱི་ཕྱིར་ར་རམ། རྟེན་དང་བརྟེན་པ་ཉིད་གཅིག་གི་ངོ་བོའི་ཕྱིར་ར་རོ། གསང་
བའི་སྒྲས་ནི་རྡོ་ཇོ་དང་པདྨ་དང་བྱང་ཆུབ་ཀྱི་སེམས་སུ་བསྟན་པ་དེ་ཉིད་ཀྱི་ཕྱིཕྱིར།
ཐུགས་ཀྱི་རྡོ་རྗེའི་ཕྱི་རོལ་ནི། དབང་པོ་དོན་གྱི་རང་བཞིན་ནོ། གཟུགས་ལ་
སོགས་པར་སྣང་བ་ནི། སེམས་ཉིད་དེ་ལྟར་སྣང་བའོ། ཞེས་གསུངས་སོ།
ཡང་ཁྱད་པར་ཅི་ལྟ་བུ་དེ་ཞེས་པ་ལ། འདོད་པའི་དོན་ཀུན་སྒྲུབ་བྱེད་པ། ཞེས་
གསུངས་ཏེ། ཐམས་ཅད་ཀྱི་འདོད་པ་ནི་མོངོན་པར་འདོད་པ་སྟེ། དེ་ཉིད་ནི་
དོན་ཏེ་དགོས་པའོ། དེ་སྒྲུབ་པར་བྱེད་པ་པོ་ནི་བཅོམ་ལྡན་འདས་ས་སོ། ཡང་
ན་ཐམས་ཅད་དུ་འདོད་པ་ནི་ཁྱད་པར་གྱི་[༡]བསྡུ་བའོ། ཡང་ཇི་ལྟ་བུ་ཞེས་པ་ལ།
ཕྱི་མ་ལས་ཀྱང་ཕྱི་མ་སྟེ། ཞེས་གསུངས་ཏེ། བསྟན་བྱ་དང་སྟོན་པ་པོ་དབྱེར་
མེད་པ་ལ་སོགས་པ་ནི། གསང་བ་འདུས་པ་ལ་སོགས་པ་བླ་མའི་རྒྱུད་དེ་རྣམས་
ལས་ཀྱང་དེ་བླ་མར་གྱུར་པ་ཉིད་དུ་བསྟན་པ་ཡིན་ནོ། ཡང་ཅི་ལྟ་བུར་གྱུར་པ་ཞེས་
པ་ལ། མཁའ་འགྲོ་མ་ཡི་དྲ་བའི་[༨]སྡོམ། ཞེས་གསུངས་ཏེ། མཁའ་འགྲོ་མ་ནི་
འཁོར་ལོ་གསུམ་ལ་གནས་པ་ལ་སོགས་པ་ཐམས་ཅད་དོ། དྲ་བ་ནི་དེའི༐་ཆོ་གས་[༢]
9

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*