www.dharmabook.ru tibetan OCR



པ་ཉིད་ཀྱི་ཕྱིར་རམ། བདུད་བཞི་འཇོམས་པ་ཉིད་ཀྱི་ཕྱིར་རམ། མ་ལུས་པའི་
ཉོན་མོངས་པ་འཇོམས་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་ན་ནོ། དབང་ཕྱུག་དང་ནི་
གཟུགས་བཟང་དང་། དཔལ་དང་གྲགས་དང་ཡེ་ཤེས་དང་། བརྩོན་འགྲུས་
དྲུག་པོ་འདི་དང་ཡང་དག་པར་ལྡན་པས་བཅོམ་ལྡན་དུ་བརྗོད་དེ། འདི་ལ་དེ་ཡོད་
པས་བཅོམ་ལྡན་ན་ནོ། ཡང་ན་ནི། བྷ་ཡི་རྣམ་པ་བྷ་གར་བརྗོད། ག་ནི་ན་མ་
མཁའི་ཡི་གེ་སྟེ། གཉིས་པོ་ཡང་ནི་མཉམ་སྦྱོར་བས། ཤེས་རབ་ཐབས་དག་
བཅོམ་ལྡན་ནོ། ཞེས་བྱ་བ་འམ། དེ་ཡོད་པས་ན་བཅོམ་ལྡན་ནོ། ཡང་ན་བྷ་
ག་ལ་གནས་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་ན་ནོ། འདི་ནི་ཞེས་བྱ་བ་ལ་སོགས་པ་ལ།
འདི་ལ་དཔའ་བོ་ཉིད་ནི་དཔའ་བོ་སྟེ། དཔའ་བ་ཉིད་དང་ལྡན་པས་གཞན་དང་
ལྡན་པ་རྣམ་པར་བཅད་པའི་དོན་ཏོ། གཞན་དང་ལྡན་པ་ནམ་པར་གཅོད་པ་ནི་
སྲིད་སྒྲུབ་ཁོ་ན་གཞུ་འཛིན་པ་ལྟ་བུའོ། ཡང་ན་དཔའ་བོ་ཉི་ཤུ་རྩ་བཞིའི་བདག་
ཉིད་ཀྱི་ཕྱིར་གཞན་མ་ཡིན་པ་ཉིད་དུ་བརྫོད་དོ། དེ་ཉིད་ཀྱི་ཕྱིར་མཁའ་འགྲོ་མའི་
དྲ་བའི་སྡོམ་བཅོམ་ལྡན་འདས་ཞེས་བྱའོ། ཡང་ན་མཁའ་འགྲོ་མའི་རྒྱུད་མཐོ་བར་
གྱུར་པ་རྟོགས་པར་དཀའ་བ་ཉིད་ཀྱི་ཕྱིར་རོ། ད་ནི་བསྐྱེད་པའི་རིམ་པ་ལ་སོགས་
པ་སྒྲུབ་པ་ལ་ཡང་ཕྱིན་ཅི་ལོག་དགག་པའི་དོན་དུ་འཁོར་ལོ་གསུམ་ལ་སོགས་པ་དང་
ལྡན་པའི་བཅོམ་ལྡན་འདས་དེའི་བསྐྱེད་པའི་རིམ་པ་ལ་སོགས་པའི་གོ་རིམས་ལ་
སོགས་པ་སྟོན་པ་ནི། སྲིད་པ་སྒྲ་ཚུལ་ལས་ངེས་འབྱུང་། ཞེས་བྱ་བ་ལ་སོགས་པ་
ནས༑ རྒྱུད་ལས་གསུངས་པ་མཉན་པར་གྱིས། ཞེས་བྱ་བའི་བར་གྱིས་གསུངས་
ཏེ༑ དེ་ཡང་བླ་མའི་མན་ངག་ལས་ཀྱིས་མདོར་བ་སྡུས་ཏེ་བརྫོད་པར་བྱ་སྟེ། དེ་ལ་
འདིའི་རིམ་པ་ནི་དང་པོ་རེ་ཞིག་ཡིད་དང་མཐུན་པའི་གནས་སུ་བདུད་རྩི་ལྔའི་རི་ལུ་
ཁར་བཅུག་པའི་སྔགས་པས་ཕྱོགས་བཅུ་མངོན་དུ་བྱས་ཏེ། ཤིན་ཏུ་འཇིགས་པའི་
9400

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*