www.dharmabook.ru tibetan OCR



པས་གདུག་པ་ཅན་ཐམས་ཅད་ལ་ཕྱོགས་སུ་བསྡིགས་པའི་སྔིགས་མཛུབ་དང་རྡོ་རྗེའོ།
ཞལ་གཅིག་པ་མདོག་དམར་བ་ཐལ་བ་དང་བྲལ་བའི་ཕྱག་རྒྱ་ལྔས་བརྒྱན་པ་སྤྱན་
གསུམ་པ་སྐྲ་གྲོལ་བ་གཅེར་བུ་དུམ་བུས་བརྒྱན་པའི་སྐེ་རགས་ཅན་གཡས་པའི་བྱིན་
པས་གཡོན་པའི་བརླ་ལ་མཉམ་པར་དཀྲིས་པ། བདག་པོ་དང་བདེ་བ་ཆེན་པོ་སྙིང་
རྗེའི་བདག་ཉིད་དོ། ཕག་གི་ཞལ་བཅོམ་ལྡན་འདས་ཀྱི་མདོག་ཅན་ནམ། ཡང་
ན་ཕག་གི་ཞལ་མདོག་དམར་བའོ། ཡང་ན་ནི་མདོག་དཀར་བ་ཡང་བསམ་པར་བྱ་
སྟེ་༑ དེ་ལྟར་ཡང་བལྟ་ཞིང་རྡོ་རྗེ་ཕག་མོ་ནི། དེ་ཡི་མདོག་དང་མཚོན་ཆ་འཆང་།
ཞེས་གསུངས་སོ། གཞན་ཐམས་ཅད་ནི་དཔལ་ཧེ་རུ་ཀ་བཞིན་ནོ། དེ་ལྟར་བདེ་
མཆོག་གི་གཟུགས་སུ་བདག་ཉིད་བསྒོམས་ནས། དེའི་རྗེས་སུ་གོ་ཆ་གཉིས་ཀྱིས་
བགོ་བར་བྱ་སྟེ། ཨོཾ་ཧ་རྡོ་རྗེ་སེམས་དཔའ་ནི་སྙིང་གར་རོ། ན་མ་ཧི་རྣམ་པར་
སྣང་མཛད་ནི་མགོ་ལའོ། སྭ་ཧཱ་ཧུ་པདྨ་གར་དབང་ནི་སྤྱི་གཙུག་ཏུའོ། གཽ་ཥ་ཊ་
ཧེ་དཔལ་ཧེ་རུ་ཀ་ནི་ཕྲག་པ་གཉིས་ལའོ། ཧཱུྃཾ་ཧཱུཾ་ཧོཿཿརྡོ་རྗེ་ཉི་མ་མིག་གཉིས་ལའོ།
ཕཊ་ཧཾཾ་རྟ་མགྲིན་ནི་ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། ཨོཾ་ ཾ་རྡོ་རྗེ་ཕག་མོ་ནི་ལྟེ་
བར་རོ། ཧཾཾ་ཡོཾ་གཤིན་རྗེ་མོ་ནི་[༡]སྙིང་གར་ར་རོ། ཧྲིཾིཾ་མོཾ་རྨོངས་བྱེད་མ་ནི་ཁ་ལའོ།
ཧྲེཧྲཱིཾ་[༢]སྐྱོད་བྱེད་མ་ནི་མགོ་ལའོ། ཧཱུཾ་ཧཱུཾཾུ་སྐྲག་བྱེད་མ་ནི་སྤྱི་གཙུག་ཏུའོ། ཕཊ་
ཕཊ་རབ་ཏུ་གཏུམ་མོ་ནི་ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། མཁའ་འགྲོ་དེ་
བཞིན་ལཱ་མ་དང་། དུམ་སྐྱེས་མ་དང་གཟུགས་ཅན་མ། སྔོ་དང་ལྗང་དང་དེ་
བཞིན་དམར། དཀར་བ་འདབ་མ་རྣམས་སུ་དགོད། ཞལ་གཅིག་ཕྱག་ནི་བཞི་
པ་སྟེ། གཡོན་ཀུན་ཁ་ཊྭཱཾ་ག་ཐོད་པ། གཡས་ན་རྔེ་འུ་ཆུང་རོ་ལངས་སོ།
གཡས་བརྐྱང་རོ་ཡི་སྟེང་ན་གནས། ལྷག་མ་རྡོ་རྗེ་ཕག་མོ་མཚུངས། མཚམས་
བཞི་རུ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་སྣོད་ད་དོ། དང་པོ་ཐུགས་ཀྱི་འཁོར་ལོ་
940[

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*