www.dharmabook.ru tibetan OCR



རྩིབས་བརྒྱད་པ་མདོག་སྔོན་པོ་རྡོ་རྗེའི་ཕྲེང་བས་བརྒྱན་པ་སྟེ། དེ་ལ་ཤར་གྱི་རྩིབས་
པུལླི་[༡]ར་མ་ལ་ཡར་ནི་ཐོད་པའི་དུམ་བུ་དང་རབ་ཏུ་གཏུམ་མོའོ། བྱང་དུ༐༐ཛཱ་
ལནྡྷ་[༢]རར་ཀེང་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་མ་འོ། ནུབ་ཕྱོགས་སུ་ཨོ་ཌི་
ཡ་ནར་ཀེང་རུས་དང་འོད་ལྡན་མའོ། ལྷོ་ཕྱོགས་ཨརྦུ་དར་མཆེ་བ་རྣམ་པར་
གཙིགས་པ་དང་སྣ་ཆེན་མོའོ། མེ་རུ་གོ་དཱ་པ༐རིར་ལྷའི་[༢]དགྲ་དང་དཔའ་བོའི་བློ་
མའོ༑ བདེན་བྲལ་དུ་རཱ་མེ་ཤྭ་རིར་འོད་དཔག་མེད་དང་མིའུ་ཐུང་མའོ། རླུང་
དུ་དེ་གཱི་[༤]ཀོ་ཊིར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མའོ། དབང་ལྡན་དུ་མཱ་ལ་
ཝར་[༥]རྡོ་རྗེའི་ལུས་དང་ཤིང་གྲིབ་མའོ། གཉིས་པ་གསུང་གི་འཁོར་ལོ་དམར་པོ་
པདྨའི་ཕྲེང་བས་མཉམ་པར་བསྐོར་བ་སྟེ། དེའི་ཤར་གྱི་རྩིབས་ལ་ཀཱ་མ་རཱུ་པར་མྱུ་
གུ་ཅན་དང་ཨེ་རཱ་བ་ཏཱིའོ། བྱང་ཕྱོགས་སུ་ཨོ་ཏྲེར་རྡོ་རྗེ་རལ་པ་ཅན་དང་འཇིགས་
བྱེད་ཆེན་མོའོ། ནུབ་ཕྱོགས་སུ་ཏི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུ་ང་གི་ཤུགས་
ཅན་མ་འོ། ལྷོ་ཕྱོགས་སུ་ཀོ་ས་[༦]ལར་རྡོ་རྗེ་ཧཱུཾཾུ་མཛད་དང་ཆང་འཐུང་མ་འོ། མེ་
རུ་ཀ་ལཱིངྒར་རབ་ཏུ་བཟང་པོ་དང་སྔོ་བསངས་མོའོ། བདེན་བྲལ་དུ་ལམྦཱ་ཀར་རྡོ་
རྗེ་བཟང་པོ་དང་ཤིན་ཏུ་བཟང་མོའོ། རླུ་ང་དུ་ཀཱཉྩིར་འཇིགས་བྱེ་ད་ཆེན་པོ་དང་
རྟ་རྣ་མའོ། དབང་ལྡན་དུ་ཧི་མཱ་ལ་ཡར་མིག་མི་བཟང་དང་བྱ་གདོང་མའོ།
གསུམ་པ་སྐུའི་འཁོར་ལོ་དཀར་པོ་འཁོར་ལོའི་ཕྲེང་བས་བརྒྱན་པ་སྟེ། དེའི་ཤར་གྱི་
རྩིབས་ལ་པྲེ་ཏ༐་༐་པུ་རིར་[༧]སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མའོ། བྱང་
ཕྱོགས་སུ་གྲྀ་ཧ་དེ་ཝར་[༨]རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མའོ། ནུབ་ཕྱོགས་སུ་གཽ་
རཱཥྚར་རྟ་མགྲིན་དང་ཆང་འཚོང་མའོ། ལྷོ་ཕྱོགས་སུ་གསེར་གླིང་དུ་ནམ་མཁའི་
སྙིང་པོ་དང་འཁོར་ལོའི་གོ་ཆ་མ་འོ། མེ་རུ་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་
དཔའ་མོའོ། བདེན་བྲལ་དུ་སིནྡྷུར་པདྨ་གར་དབང་དང་སྟོབས་ཆེན་མ་འོ།
9 40བྱ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*