www.dharmabook.ru tibetan OCR



རོག་གི་གདོང་ཅན་མ་འོ། ཡང་དག་པའི་འཚོ་བ་ནི་འུག་པའི་གདོང་ཅན་མའོ།
ཡང་དག་པའི་རྩོལ་བ་ནི་ཁྱིའི་གདོང་ཅན་མ་འོ། ཡང་དག་པའི་དྲན་པ་ནི་ཕག་ག་གི་
གདོང་ཅན་མའོ། ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའོ། དགེ་བའི་
ཆོས་མ་སྐྱེས་པ་སྐྱེད་[༡]པར་བྱེད་པ་ནི་གཤིན་རྗེ་བརྟན་མའོ། དགེ་བའི་ཆོས་སྐྱེས་པ་
ཡང་དག་པར་བསྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་
འཇོམས་པ་ནི་གཤིན་རྗེ་མཆེ་བ་མའོ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་
སྐྱེད་པ་ནི་གཤིན་རྗེ་འཇོམས་མ་ཞེས་བྱའོ། ས་བཅུ་རྣམ་པར་དག་པ་ཡི།
གནས་སོགས་རིམ་པའི་རྣལ་འབྱོར་གྱིས། ལུས་ཀྱི་[༢]དཀྱིལ་འཁོར་མཆོག་གྱུར་
པར༑ དེ་ནས་ཡང་དག་བཤད་པར་བྱ། པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀོ༐༐ཀ་ོ་ཀལ་
ཀཱ་[༤]ཧི་པྲེ་གྲྀྀ་གཽ་སུ་ན་སི་མ་ཀུ། པུ་ནི་པུལླི་[༥]ར་མ་ལ་ཡ་སྟེ་མགོ་བོར་ནི་[༦]རབ་ཏུ་
གཏུམ་མོའོ། ཛཱ་ནི་ཛཱ་ལནྡྷ་ར་ནི་སྤྱི་གཙུག་ཏུ་སྟེ་གཏུམ་པའི་མིག་ཅན་མའོ། ཨོཾོ་
ནི་ཨོ་ཌི་ཡ་ན་སྟེ་རྣ་བ་གཡས་པར་ནི་འོད་ལྡན་མའོ། ཨ་ནི་ཨརྦུ་ད་སྟེ་མགོ་རུ་ནི་སྣ་
ཆེན་མའོ། བཞི་པོ་འདི་ནི་གནས་ཏེ་ས་དང་པོ་རབ་ཏུ་དགའ་བའོ། གོ་ནི་གོ་དཱ་
བ་རཱི་སྟེ་རྣ་བ་གཡོན་པར་ནི་དཔའ་བོའི་བློ་མའོ། རཱ་ནི་རཱ་མེ་ཤྭ་ར་སྟེ། སྨིན་མའི་
དབུས་སུ་ནི་མིའུ་ཐུང་མའོ། དེ་ནི་དེ་གཱི་[༧]ཀོ་ཊི་སྟེ་མིག་ཏུ་ནི་ལང་ཀའི་དབང་ཕྱུག་
མའོ༑ མཱ་ནི་མཱ་ལ་བ་སྟེ་ཕྲག་པ་གཉིས་ལ་ཤིང་གྲིབ་མའོ། བཞི་པོ་འདི་ནི་ཉེ་
བའི་གནས་ཏེ་དྲི་མ་མེད་པའོ། དེ་བཞིན་དུ་ཐུགས་ཀྱི་འཁོར་ལོ་ནི་མཁའ་ལ་སྤྱོད་
པའོ༑ ཀཱ་ནི་ཀཱ་མ་རཱུ་[༨]པ་སྟེ་མཆན་ཁུང་གཉིས་སུ་ཨེ་རཱ་བ་ཏཱིའོ[༩]། ཨོ་ནི་ཨོ་ཏྲེ་
སྟེ་ནུ་མ་གཉིས་ལ་འཇིགས་བྱེད་ཆེན་མོ་འོ། ཞིང་གཉིས་པོ་འདི་ནི་འོད་བྱེད་མར་[༡༧]
ཤེས་པར་བྱའོ། ཏྲི་ནི་ཏྲི་ཤ་ཀུ་ནི་སྟེ་ལྟེ་བར་ནི་རླུང་གི་ཤུགས་ཅན་མ་འོ། ཀོ་ནི་
ཀོ་ས་ལ་སྟེ་སྣ་རྩེར་ནི་ཆང་འཐུང་མའོ། ཉེ་བའི་ཞིང་གཉིས་པོ་འདི་ནི་འོད་འཕྲོ་
9408

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*