www.dharmabook.ru tibetan OCR



དགི་བའི་དོན་ཏོ། ཐམས་ཅད་ཆོས་འབྱུང་ནི་མ་ལུས་པའི་ཆོས་སྐྱེད་[༡]པར་བྱེད་
པོའོ༑ སྣ་ཚོགས་ནི་[༢]འགྲོ་བའི་ངོ་བོ་ཉིད་ད་དོ། སྣ་ཚོགས་པའི་རིམ་པས་ལྟེ་བ་ལ་
བྲི་བ་ནི་གསེར་གྱིས་བྲི་བའོ[༢]། ཆོས་ཀུན་གཅིག་ཏུ་བསྡུས་པ་ནི་རང་གི་རྒྱུད་དུ་
བསྡུས་པའི་མཁའ་འགྲོ་དང་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་སྔགས་ནི་སྔགས་པ་
རྣལ་འབྱོར་པས་ཕྱིས་བྲི་བར་བྱའོ། འདི་ཡང་སྔོན་གྱི་ལེའུའི་དོན་ཉིད་དོ་ཞེས་པའི་
དོན་ཏོ། ཡང་ན་མི་ཤིགས་ནི་ཨོཾ་དང་པོ་ཧིུ་ཧཱུཾཾུ་ཕཊ་མཐར་སྦྱར་བའི་ཨཱ་ལི་དང་ཀཱ་
ལིའི་སྔགས་ནི་དགེ་བའོ། ཐམས་ཅད་ཆོས་འབྱུང་ནི་སྣ་ཚོགས་ལྟེ་བ་ལ་ཆོ་གས་
སྔགས་པས་བྲི་བ་སྟེ། དེས་ཆོས་ཀུན་གཅིག་ཏུ་བསྡུས་པའོ། དེའི་རྗེས་སུ་བཅོམ་
ལྡན་འདས་དཔལ་ཧེ་རུ་ཀའི་རྩ་བའི་སྔགས་ཀྱི་ཡི་གེའི་ཚིག་བཏུ་བར་བྱའོ་ཞེས་པའི་
དོན་ནམ། ཡང་ན་ཨོཾ་ཉིད་ཀྱིས་མི་ཤིགས་པ་ལ་སོགས་པ་ཁྱད་པར་དུ་བྱེད་ད་དེ།
ཐམས་ཅད་ཀྱི་དོན་ནི་དེ་ཉིད་དོ། འདིར་སྔགས་ཚིག་ནི་འདི་ཡིན་ཏེ་ཞེས་པ་ལ་
སོགས་པ་ལ། དེ་ནས་གཞན་ཡང་སྔགས་ཀྱི་ཡི་གེའི་ཚིག་ཡིན་པ་འདིས་བཅོམ་ལྡན་
འདས་དཔལ་ཧེ་རུ་ཀའི་རྩ་བའི་སྔགས་བཏུ་བའི་ཆོ་ག་སྟོན་ཏེ། ཨཱ་ལི་ཀཱ་ལི་མཉམ་
བྱས་ནས། ཞེས་གསུངས་སོ། དབྱངས་དང་གསལ་བྱེད་ངག་མཉམ་པ་ནི་འདྲ་
བའོ༑ སྡེ་ཚན་ལ་ཐིམ་པར་བྱ་བ་ནི་སྡེ་དེར་རིལ་པོར་བྱས་པའོ། བཞི་བཞི་རུ་ནི་
ཞེས་བྱ་བ་ལ་ནི་བཞི་དང་བཞི་རུ་ཤེས་པར་བྱ་བྱ་བའོ། ཐུབ་པ་ནི་སྡེ་ཚན་བདུན་དུ་
གང་གྱུར་པ་དེ་ལྟར་བྱས་ལ་གོ་བ་ལོག་པ་དང་གོ་རིམས་ཀྱིས་སྔགས་ཀྱི་ཡི་གེའི་ཚིཚིག་
བརྒྱད་ཡང་རྒྱས་[༤]པར་བྱ་བ་ནི་བཏུ་བར་བྱའོ་ཞེས་པའི་དོན་ཏོ། དེ་ཉིད་ཀྱི་
ཕྱིར༑ དེ་ནས་དཔའ་བོ་བཏུ་བར་བྱ། འདོད་དོན་ཐམས་ཅད་སྒྲུབ་བྱེད་ཡི་ན།
ཞེས་གསུངས་ཏེ། འདིར་འདིའི་དགོངས་པ་ནི་དང་པོར་སྔགས་ཀྱི་ཚིག་[༥]བཞི་
བཞིར་ཤེས་པར་བྱས་ལ། སྡེ་ཚན་བདུན་དང་འབྲེལ་བའི་གསལ་བྱེད་ཀྱི་ཡི་གེ་སྡེ་
947

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*