www.dharmabook.ru tibetan OCR



དགུར་དགོད་པར་བྱའོ། དྲུག་པའི་ཕཊ་ནི་མཚ་མས་ཀྱི་ཆ་རུ༐ཤེས་པར་[༡]བྱའོ།
འདིས་ནི་གཡོ་བ་དང་མི་གཡོ་བའི་དུག་གིས་བཟུང་[༢]བ་དེའི་སྦྱི་བོར་བཀོད་པ་དེ་ཉིད་
ལས་བདུད་རྩིའི་རྒྱུན་གྱིས་ལུས་ཐམས་ཅད་ཁྱབ་ནས་དུག་མེད་པར་བསམ་[༢]པ་ར་
བྱའོ༑ དེས་ནི་སོས་པར་འགྱུར་རོ། དེ་ལྟར་རིམས་ལ་སོགས་པ་ཡང་སེལ་ལོ།
སྔགས་པ་རང་ཉིད་ཀྱི་བཟ་འ་བ་དང་སྟོན་མོ་ལ་སོགས་པ་ཆོ་ག་འདིས་ལོངས་སྤྱད་
པར་བྱ་བ་ནི་གདམས་ངག་ག་གོ། ཕྱུགས་ཀྱི་ཤ་དང་མངར་གསུམ་བཏགས། ཞེས་
བྱ་བ་ནི་གོ་སླའོ། ལུས་ཀྱི་སྦྱོར་བ་དང་པོ་སྟེ། ཞེས་བྱ་བ་ལ་སོགས་པ་ལ་ར་ང་སྙིང་
ནི་བདུད་རྩིས་རྒྱས་པའི་དཀྱིལ་འཁོར་ལ་སྤྲུལ་པའི་སྐུ་སྔོན་དུ་འགྲོ་བས་ཆོས་ཀྱི་སྐུའི་
ངོ་བོ་ཉིད་སྔགས་ཀྱི་ཡི་གེ་བལྟས་ལ་དེར་གཏོགས་པའི་ཡིད་ཀྱིས་སྔོན་དུ་བསྟན་པའི་
ཆུ་ལ་སོགས་པར་བཟླས་པ་བྱོའོ། ལུས་ཀྱི་སྦྱོར་བ་དང་པོའོ། ཉེ་བའི་སྙིང་པོ་ལ་
སོགས་པའི་སྔགས་འབུམ་ལ་སོགས་པ་བཟླས་པའི་རིམ་པས་ཡོངས་སུ་བརྟག་པར་བྱ་
བ་ནི་གཉིས་པའོ། ཡིད་ཀྱི་ནུས་པས་དེ་བཞིན་དུ་ཕྱིན་ནས་ལས་ཀྱི་རྗེས་སུ་འབྲང་
སྟེ་ཕྱི་རོལ་དུ་སྦྱར་བར་བྱའོ། གསུམ་པ་དག་ནི་ངག་ཉིད་ཀྱི[༤]། ཞེས་བྱའོ།
ཡང་ན་གཞུང་གཞན་ལ་སོགས་པ་ནི་ཡོངས་སུ་རྫོགས་པའི་ཟླ་བའི་དཀྱིལ་འཁོར་དང་
ལྡན་པའི་དཀྱིལ་འཁོར་གྱིས་བྱིན་གྱིས་བརླབས་པའི་ལག་པ་གཡོན་པར་ཡང་འདི་
ཉིད་ཀྱི་དཔའ་བོའི་སྔགས་བསམས་ལ་དེར་གཏོགས་པའི་ཡིད་ཀྱིས་ཤིང་ཞེས་བྱ་བ་ལ་
སོགས་པའི་ཚིག་གིས་དེ་ལ་[༥]བཟླས་པར་བྱའོ་ཞེས་པའི་དོན་ཏོ། ལྷག་མ་ནི་གོ་
སླའོ༑ དཔལ་ཧེ་རུ་ཀ་མོངོན་པར་བརྗོད་པའི་སྙིང་པོ་དང་ཉེ་བའི་སྙིང་པོའི་ལས་
ཀྱི་ཆོ་གའི་ལེའུ་བཞི་བཅུ་རྩ་གསུམ་པའི་འགྲེལ་པའོ།
དེ་ནས་ཕོ་ཉ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། དུར་ཁྲོད་ཀྱི་རས་ཞེས་བྱ་བ་ནི་
9་བྱ03

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*