www.dharmabook.ru tibetan OCR



དུར་ཁྲོད་ཀྱི་རོའི་གོས་སོ། བའི་འོ་མ་ནི་བ་རང་ཉིད་ཀྱི་འོ་མའོ[༡]། དཔལ་ཧེ་རུ་
ཀ་མོངོན་པར་བརྗོད་པའི་ཡི་གེ་བདུན་དང་རྣལ་འབྱོར་མ་དྲུག་གི་ལས་ཀྱི་ཆོ་གའི་
ལེའུ་བཞི་བཅུ་རྩ་བཞི་པའི་འགྲེལ་པའོ།
དེ་ནས་ལས་ཀྱི་རབ་མཆོ་ག་ནི། ཞེས་བྱ་བ་ལ་སོགས་པ་ལ་སྣ་ཚོགས་པའི་
དངོས་གྲུབ་སྟོན་ཏེ། རྟ་གོསོ་ད་མེ་ཏོག་དག་གིས་ནི། ཞེས་པའི་[༢]རྟ་གསོད་ནི་ཀ་
ར་གཱི་རའོ། གཞན་ནི་གོ་སླའོ། སྐྱེ་གནས་རྒྱ་ནི་བཅིངས་ནས་སུ། ཞེས་པ་ནི་
ཕྱི་རོལ་གྱི་ཡན་ལག་ཅན་དང་ཁ་སྦྱོར་དུ་བྱའོ། གཞུང་གཞན་གྱི་ཚིག་ནི་རྟོགས་
སླའོ༑ ལྷག་མ་ནི་གོ་སླའོ། སྤྲ་ཚིལ་གྱིས་ནི་རབ་ཏུ་བྱུགས། ཞེས་པ་ནི་སྤྲ་
ཚིལ་ལ་གཟུགཟུགས་བརྙ་ན་བྱས་ལ་ཙནྡན་དམར་པོའི་ཕྱེ་མ་དང་ཚ་བ་གསུམ་གྱིས་བྱུགས་
པར་བྱ་ཞེས་སྦྱར་ར་རོ། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྣལ་འབྱོར་མ་དྲུག་
གི་ཚིག་གྲུབ་པ་དང་དགུག་པའི་ཆོ་གའི་ལེའུ་བཞི་བཅུ་རྩ་ལྔ་པའི་འགྲེལ་
པའོ༑
དེ་ནས་ཞེས་བྱ་བ་ལ་སོགས་པ་གོ་སླའོ། ཧ་རྣམ་པ་ལྔ་ལག་པར་མཉེ་ཞིང་
བསྐུལ་ཚིག་དང་བཅས་པ་ནི་གདམས་ངག་སྟེ། འདིར་དེའི་ཡང་གདམས་ངག་ནི་
རྟག་ཏུ་རྣལ་འབྱོར་མའི་དཀྱིལ་འཁོར་གཉིས་བྲིས་པའི་སྦྱོར་བས་ཧ་རྣམ་པ་ལྔ་ལག་
པའི་དབུས་སུ་དབང་ལྡན་ནས་གོ་རིམས་མ་ཡིན་པས་བྲི་བར་བྱའོ།་།གང་གི་རྐང་
རྗེས་ཀྱི་རྡུལ་དང་དུག་དང་ཁྲག་དང་སྐེ་ཚེ་ལག་པ་གཉིས་ཀྱི་མཐིལ་དུ༐་བྱུག་སྟེ
དེའི་སྟེང་དུ་ལྡོང་རོས་དང་ཐོད་ལེ་ཀོར་ལ་སོགས་པ་ཀ་བི་རྟའི་[༤]སྨྱུ་གུས་ཧ་རྣམ་པ་ལྔ་
བྲིས་ལ་སྦྱིན་སྲེག་བྱ། དེ་ལྟར་བྲི་བར་རྟོགས་པའོ། བྱ་བ་འདིར་དེ་བཞིན་དུ་
བལྟས་ལ། སེང་ལྡེང་གི་སོལ་བའམ་རོ་བསྲེགས་པའི་སོལ་བས་ལག་པ་གཉིས་
90[

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*