www.dharmabook.ru tibetan OCR



འགྲེལ་པའོ།
དེ་ནས་ཞེས་པ་ལ་སོགས་པ་ནི་གོ་སློའོ། གོས་ནི་ཞེས་པ་ནི་གཅེར་བུའི་
གཟུགས་སོ། ཕྱག་རྒྱ་ལྔ་སོགས་ཞེས་པ་ནི་མགོ་བོའི་ནོར་བུ་དང་། རྣ་ཆ་དང་།
མགུལ་རྒྱན་དང་། ལག་གདུབ་དང་། མཆོད་ཕྱིར་ཐོགས་པ་དང་ཐལ་བའོ།
ཤེས་རབ་ཡན་ལག་ཅེས་པ་ནི་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་ཡན་ལག་དང་ལུས་ཀྱི་
བརྡ་རྣམས་མཁའ་འགྲོ་མའི་ལུས་ཀྱི་མཚན་ཉིད་དང་དཔའ་བོའི་ཡན་ལག་གི་བྱེ་བྲག་
དང་གཡོན་པའི་སྤྱོད་པ་དང་གཙང་སྦྲ་དང་དམ་ཆིག་གི་སྤྱོད་པ་དང་བཞད་པ་དཔ་དང་
གར་ལ་སོགས་པའི་ཕྱག་རྒྱ་དང་ཚོགས་ཀྱི་རིམ་པ་ཞེས་པའི་དོན་ཏོ། གཞུང་གཞན་
ནི་ཤེས་རབ་ཡན་ལག་རྡོ་རྗེ་ནི་ཕུར་བུ་དང་ར་བ་དང་གུར་ལ་སོགས་པའོ། ཤེས་
རབ་ཀྱི་ཡན་ལག་ཉིད་དང་དབྱེར་མི་ཕྱེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། ཕུར་བུ་ཞེས་
པ་ནི་རྡོ་རྗེ་ཕུར་བུ་དགུ་དང་རྡོ་རྗེ་བརྡུང་བའི་ཐོ་བ་ཡང་ང་ངོ་། དྲ་བ་ཞེས་པ་ནི་རྡོ་རྗེ་
གུར་དང་ར་བ་དང་ས་གཞི་ཡང་ངོ་། རིམ་པ་ཡིན་པར་གོ་བར་བྱའོ། ཨཱ་ལི་ཀཱ་
ལི་ཞེས་པ་ནི་ཨཱ་ལི་ནི་ཨ་ལ་སོགས་པའོ། ཀཱ་ལི་ནི་ཀ་ལ་སོགས་པའོ། རྒྱུ་སོགས་
སྟོང་པ་སྔོན་འགྲོ་བ། ཞེས་པ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་
མེད་པ་དང་མངོན་པར་འདུ་བྱེད་པ་མེད་པའོ། སྟོང་པ་ཉིད་དང་སྨྲོན་པ་མེ་ད་པ་
ནི་རུ་སྟེ་དེའི་ཕྱིར་བརྗོད་པའི་དོན་ཉིད་ནི་རུའོ། ཀ་ནི་གང་དུ་མི་གནས་པའོ།
ཤྲི་ནི་གཉིས་སུ་མེད་པའི་དོན་ན་ནོ། སྔོན་དུ་འཇུག་པ་ལ་ནཱ་ད་ལ་སོགས་པའི་བར་
རོ༑ ཇི་སྲིད་བསྡུས་པའི་སྦྱོར་བ་ཞེས་པ་ནི་སྲིད་པ་ཞེས་པ་ནས་བཟུ་ང་སྟེ་འཁོར་ལོ་
གསུམ་གྱི་ལྷ་ཉེ་བར་བསྡུའོ་ཞེས་པའི་བར་རོ། བདུད་རྩིས་ཚིམ་བྱེད་ཅེས་པ་ནི་
རྒྱས་པ་དང་ཞི་བའི་ཆོ་གས་སྔོན་དུ་གསུངས་པའི་བཀོད་པའི་གོ་ཆ་ལ་སོགས་པ་ལག་
0

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*