www.dharmabook.ru tibetan OCR


གཉིས་ཀའི་བཤད་སྦྱར་ཞེས་བྱ་བ།

གས་ཤིང་འབུས་མ་རྗོས་པ་སོར་བཅུ་གཉིས་ཀྱི་ཚད་ལ་མེ་ཏོག་གི་ཕྲེང་བས་རྩེ་མོ་
དཀྲིས་ལ་སློབ་མ་རྣམས་ལ་སོ་སོར་སྦྱིན་པར་བྱའོ། དེ་ཡང་ཤར་དུ་ཁ་བལྟས་པས་
འཆོས་ལ་སྟེང་དུ་བལྟས་ཏེ། བ་ལང་གི་པགས་པ་ཙམ་གྱི་གཞིའི་ཕྱོགས་པའི་ལྕི་བས་
བྱུགས་ཏེ་དོར་བར་བྱའོ། དེ་ནས་དེའི་མངོན་པར་ཕྱོགས་པ་ལ་སོགས་པས་དོར་བ་
དེ་རྣམས་ཀྱིས་མཆོ་ག་ལ་སོགས་པའི་དངོས་གྲུབ་རྟོགས་པར་བྱའོ། ཨོཾ་ཧྲཱིཿབི་ཤུདྡྷ་
དྷརྨཱཿ[༡]སརྦ་པཱ་པ༐་༐་ནིརྩོ་སཾ་[༢]ཤོ་དྷ་ཡ་སརྦ་བི༐ཀལྤན་ཨ་པ་[༢]ན་ཡ་ཧཱུཾ་ཞེས་པའི་སྔགས་
ཀྱིས་འཐོར་འཐུང་དང་དྲིའི་ཆུ་ཁྱོར་བ་གསུམ་སྦྱིན་པ་ཡིན་ནོ། སོ་ཤིང་གི་ཆོ་གའོ།
བྱིན་གྱིས་བརླབས་པ་དེའི་མདུན་དུ་ཡང་འདུག་ལ། ༐་ཨོཾ་བཛྲ་[༤]ཀུཎྜ་ལི་ལ་སོགས་
པའི་སྔགས་ཀྱིས་ལན་བདུན་བཟླས་པའི་ཀུ་ཤ་གདིང་བ་དང་། སྔགས་ཀྱི་ཕྱིར་དེ་
རྣམས་ཀྱི་ལག་པར་སྦྱིན་ནོ། ལག་པ་གཡས་པ་ལ་སྔགས་འདི་ཉིད་ཀྱིས་ལན་བདུན་
མ་ངོན་པར་བསྔགས་ལ་སུམ་འགྱུར་དུ་བྱས་ཏེ། མདུད་པ་གསུམ་དོར་བའི་སྲུང་སྐུད་
བཅིང་བར་བྱའོ། ཐམས་ཅད་མཁྱེན་ཉིད་འཇིག་རྟེན་དུ། ཞེས་པ་ལ་སོགས་
པའི་ཚིགས་སུ་བཅད་པ་རྣམས་ཀྱིས་ཆོས་བཤད་དེ་ཉན་དུ་བཅུག་ལ། སླར་ཡང་
སྔགས་འདིས་བསྲུང་བའི་འཁོར་ལོ་བྱའོ། ཕྱིར་མི་ལྡོག་པའི་དབང་ཞེས་བྱ་བ་ྱ་བ་ལ་
སོགས་པ་རྣམས་ཀྱིས་སློབ་དཔོན་ལ་སློབ་མས་གསོལ་བ་གདབ་པར༐་བྱ་སྟེ[༥]། གསོལ་
བ་བཏབ་པས་ཡང་བླ་མས་རིགས་ཐམས་ཅད་ལ་གོ་བས། བདག་མིང་འདི་ཞེས་
བགྱི་བ་ནི། བྱང་ཆུབ་སེམས་ནི་གཟུང་བར་བྱ། གསང་བའི་འཁོར་ལོ་འདིར་
འཚལ་བས། དམ་ཚིག་སྡོམ་པ་ལ་འཇུག་གོ། ཞེས་བྱ་བ་འདིས་སོ། དེ་
ནས༑ སེམས་དཔའ་བདག་ཉིད་ཆེ་འདོད་ན། གསང་བ་ཆེན་པོའི་རིགས་དག་
པ༑ གསང་ཆེན་ཡོངས་སུ་གཟུང་བར་གྱིས། ཞེས་བརྗོད་པར་བྱའོ། སློབ་མས་
འཚལ་ལོ་ཞེས་བརྗོད་པར་བྱའོ། དེ་ནས། སངས་རྒྱས་ཆོས་དང་དགེ་འདུན་ལ།
91

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*