www.dharmabook.ru tibetan OCR



ལུང་ལས་གསུངས་[༡]པའི་གསང་བའི་དབང་བསྐུར་བ་བརྩམ་པར་བྱའོ། བདག་
ཉིད་དཔལ་ཧེ་རུ་ཀའི་རྣལ་འབྱོར་བརྟན་པར་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་ནི་
སྒོམ་པའི་རིམ་པས་སས་མ། སྐད་ཅིག་གིས་དཔལ་བདེ་མཆོག་འཁོར་ལོ་[༢]བདག་ཉིད་
རྣམ་པར་བསྒོམ་པར་བྱའོ། དེ་ཡང་ཞེས་བྱ་བ་ནི་སློབ་མ་ལ་གཏད་པའོ། གོ་ཆ་
ཆེན་པོ་ཞེས་བྱ་བ་ལ་སོགས་པས་གོ་བགོ་ཞེས་པ་ནི་གནས་ཇི་ལྟ་བ་[༢]གོ་ཆ་གཉིས་
དགོད་པར་བྱའོ། དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་[༤]ཅིང་
རིགས་ལྔའི་ཚོགས་ཀྱི་བྱེད་པ་ཡང་ལེགས་པར་བསྟན་པར་བྱས་ནས་ས་སོ། གཉིས་པ་
སླར་ཡང་ཞེས་པ་ནི་ཉི་མ་དང་པོ་ལ་སློབ་མ་ལྷག་གནས་བྱས་ལ། ཉི་མ་གཉིས་པ་[༥]
རྒྱུད་གཞན་ལས་དྲངས་པའི་ཕྲེང་བ་དང་ཆུ་ལ་སོགས་པ་ནས་སློབ་དོཔོན་གྱི་དབང་
བསྐུར་བ་ལ་ཐུག་པར་སྦྱིན་ན་ནོ། བྱིན་གྱིས་བརླབས་[༦]པ་ལ་སོགས་པ་ལེགས་པར་
བྱས་ནས་ཞེས་པ་ནི་དགྱེས་པའི་རྡོ་རྗེ་ལས་གསུངས་པའི་རིམ་པས་རྡོ་རྗེ་དང་པདྨ་
བྱིན་གྱིས་བརླབ་པའོ། དེ་བཞིན་དུ་ཡི་གེ་དྱཱ་སྣ་རྩེའོ། ཡི་གེ་བྱུ་མཚན་མའི་ལྟེ་བ་
ལ་ཡང་དག་པར་སྦྱར་ར་རོ། ལྟེ་བ་དང་སྙིང་ག་དང་དཔྲལ་བའི་ཕྱོགས་སུ་སྔགས་ཀྱི་
ཚོགས་ཀྱིས་ལྷན་ཅིག་ཏུ་བྱིན་གྱིས་བརླབ་[༧]པར་བྱའོ། རྣལ་འབྱོར་མའི་ལྟེ་བ་
དང་༑ སྙིང་ག་དང་ལྕེ་ལ་དཔའ་བོ་གཉིས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། རྣལ་
འབྱོར་མ་དང་དཔའ་བོ་དག་གཉིས་སུ་མེད་ཅེས་པ་སྟེ། རྣལ་འབྱོར་མ་ཀུན་དུ་སྤྱོད་
པ་ལས་གསུངས་པའི་སྒོ་ནས་རྡོ་རྗེ་དང་པདྨ་ལ་སོགས་པ་ཡོངས་སུ་གྱུར་ནས་འོ་ཡ་ང་
བྱའོ༑ གསང་བའི་དབང་བསྐུར་བ་བརྩམ་པར་བྱའོ་ཞེས་བྱ་བ་ནི་གསང་བའི་
དབང་བསྐུར་སྦྱིན་པར་བྱ་བར་ཕྱིར་ཐབས་ཅིག་ཏུ་ལས་མཚུངས་པར་བརྩམ་མོ།
འདི་ཉིད་ཀྱི་དོན་ཉིད་བསྡུས་ནས་བསྟན་ཅིང་གསུངས་པ་བཅོམ་ལྡན་འདས་ཀྱིས་།
དེ་ནས་ཞེས་པ་ལ་སོགས་པ་ལ། མ་ཆོད་པ་ཞེས་པ་ནི་མེ་ཏོག་དང་བདུག་པ་ལ་
9

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*