www.dharmabook.ru tibetan OCR


བཨན་འགྱུར། སྒྱུད།

དབང་པོར་གང་ཞིག་འགྱུར། ཞེན་པ་ཞེས་དགོངས་སོ། སྦྱར་བ་ནི་སྒྲོན་མ་ལྔ་
སྦྲང་རྩི་ལ་སོགས་པ་རྣམས་ཀྱིས་སོ། ཐམས་ཅད་རྡོར་མཚན་མཚ་ན་མ་འཛིན་ནི་ཧྲ་
ཏི་ཡིག་བཀོད་པའི་སྔགས་པས་བཟའ་བར་བྱའོ། སྦྱོར་བ་ནི་རྒྱ་ཆེར་འགྲེལ་དུ་
གསུངས་པའི་རིལ་བུའི་ཆོ་ག་བརྗོད་པ་ཐོག་མར་རང་གི་བདུད་རྩི་རྣམས་དང་། གོ་
ཀུ་ལ་སོགས་པ་རྣམས་ཀྱི་ཤ་ཇི་ལྟར་རྙེད་པ་བཟུང་ནས་དེ་གཉིས་རྗོས་པའི་ཟླ་བའམ་
དུས་གཞན་ལ་བུ་མ་སྐྱེས་པའི་གཞོ།ན་ནུ་མའི་དབང་པོ་གཟུ་ང་བ་ལ་དགའ་བ་བྱས་
ནས་ཧཱུཾཾ་ཕཊ་ཅེས་[༡]པས་བྱང་ཆུབ་ཀྱི་སེམས་ཕྱུང་ནས་པདྨའི་སྣོད་དུ་རྡོ་རྗེས་གཟུང་
བར་བྱའོ། གཉིས་པ་ལ་རོ་ལ་མཆོད་པ་བྱས་ནས་རྐང་གསུམ་པ་ལ་ལོ་བཅུ་གཉིས་
མ་ལ་མ་ཆོད་པ་བྱས་ནས་རྡུལ་ལ་ལོ། བཞི་པ་རང་གི་གཅི་བའོ། ལྔ་པ་ལ་བཤང་བ་
གཟུང་བར་བྱའོ། ནམ་མཁའ་ལ་སོགས་པའི་འཕེལ་བས་མ་ཤ་ཀ་བཅུ་[༢]ལྔའོ།
དེ་བཞིན་དུ་དྲུག་པ་ལ་སོགས་པའི་ཚེས་ལྔ་ལ་མི་དང་། རྟ་དང་གླཥང་པོ་ཆེ་དང་།
ཁྱི་དང་། བ་ལང་གི་ཤ་རྣམས་གཟུང་བར་བྱ་སྟེ་མ་ཤ་བཞིའི་བདག་ཉིད་ཀྱི་ཆ་
གཅིག་ལ་སོགས༐་པའི་ཕེལ་[༢]བས་མ་ཤ་ཀ་དྲུག་ཅུའོ། བཅུ་གཅིག་པ་ལ་ཟས་མ་རྗོས་
པ་ལ་ཆང་འཐུངས་[༤]ཏེ་སྐྱུག་པར་བྱས་ནས་དེས་མ་ཤ་ཀ་བདུན་ཅུ་རྩ་ལྔའི་བདུད་རྩི་
དང་། སྦྲང་རྩི་བཅོ་ལྔ་རྣམས་ཀྱིས་ལྷན་ཅིག་ཏུ་བཏགས་ནས་ཅེ་སྤྱང་གི་པགས་པར་
བཅུག་ནས་ཐོད་པ་ཁ་སྦྱོར་དུ་བྱས་ཏེ་མཚན་མོ་ཤི་བ་དང་མ་ཤི་བ་ལྷན་ཅིག་བསྲེགས་
པར་ཁྲུ་གང་གྲུ་གསུམ་པའི་དོང་བྲུས་ནས་དེར་བཅུག་སྟེ་མཆོད་པར་བྱའོ། ཨོཾ་བཛྲ་
ཀྲོ་དྷི་[༥]ཤྭ་རི་སརྦ་དྲ་བྱུ་ཎི་ཤོ་དྷ་ཡ་ཧཱུཾཾ་ཕཊ། ཞེས་པས་གཏོར་མ་སྦྱིན་པར་བྱའོ།
དེ་ནས་གཤེགས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་དང་། ཨོཾ་ཤྲཱི་ཧེ་རུ་ཀ་ཞེས་བྱ་བ་
ལ་སོགས་པ་དང་། ཨོཾ་སུམྦྷ་ཞེས་བྱ་བ་ལ་སོགས་པས་གཏོར་མ་བྱིན་ནས་བདུད་རྩི་
སྔགས་བརྒྱ་རྩ་བརྒྱད་ཀྱིས་བསྔགས་པའི་རལ་གྲི་བཞག་ནས་མཆོད་པར་བྱའོ། ཡི་
972

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*