www.dharmabook.ru tibetan OCR



འདབ་མ་འཁོར་ལོ་དུར་ཁྲོད་དང་། སྒོ་རྣམས་ངེས་པར་ཉིས་འགྱུར་ར་རོ། ཞེས་
པ་འཁོར་ལོ་དྲུག་གི་དཀྱིལ་འཁོར་ངེས་པར་སྟོན་པར་བྱེད་དོ། དེ་ལ་སྡོམ་པ་ཆེན་
པོའི་འཁོར་ལོས་[༡]སྒྱུར་བ་ལ། སྙིང་པོར་ཆུ་སྐྱེས་འདབ་མ་བཅུ་དྲུག་པའོ། ས་
དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་འཁོར་ལོ་རྣམས་ལྔའོ། དུར་ཁྲོད་རྣམས་
ནི་བཅུ་དྲུག་གོ། སྒོ་རྣམས་ནི་བརྒྱད་དོ། དབུས་སུ་གོཙོ་བོ་དཔལ་ཧེ་རུ་ཀ་ཕྱག་
ཉི་ཤུ་རྩ་བཞི་པ། མགོ་བོ་བརྒྱའི་ཕྲེང་བ་ཅན་མཁའ་འགྲོ་མ་ཡི་དྲ་བ་སྡོམ་དཔལ་
དུས་ཀྱི་འཁོར་ལོ་ཞེས་པ་འོ། དཀྱིལ་འཁོར་བའི་རྣམ་པར་གཞག་པ་ནི་མང་བ་
ཉིད་ཀྱི་ཕྱིར་མ་བརྗོད་དོ་ཞེས་པ་དྲང་བའི་དོན་ཏོ། ཉིས་འགྱུར་ནི་སྟོང་པ་ཉིད་
དང་སྙིང་རྗེ་[༢]དབྱེ་ར་མེད་པའོ། མཁའ་འགྲོ་མ་ཡི་དྲ་བ་སྡོམ་ནི། བྱང་ཆུབ་ཀྱི་
སེམས་སོ། བཟླས་པར་བྱ་ནི་ཤེས་པར་བྱ་བའོ། ཡང་ནའི་སྒྲ་ལས་བོསྒོམ་པ་ར་
བྱ་བ་ཡང་ངོ་། འདབ་མ་ཞེས་པ་ཆོས་ཀྱི་དབྱིངས་སུའོ། ཉིས་འགྱུར་ནི་ཤེས་
རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་འཁོར་ལོ་ལྔ་སྟེ། དོངོས་སུ་ནི་[༤]སྙིང་རྗེར་
འགྱུར་རོ། ས་འོག་གི་དུར་ཁྲོད་བརྒྱད་ཀྱི་མཐར་ཐུག་པར་འཕྲོ་བར་བྱེད་པའོ།
ངེས་པ་ནི་གདོན་མི་ཟ་བའོ་ཞེས་པ་ངེས་པའི་དོན་ཏོ། ཤིང་ལྔ་ཨུ་དུམྺཱ་[༥]ར་།
ོསོ་ཤིང་རབ་ཏུ་སྦྱིན་པར་བྱ། དཀྱིལ་འཁོར་དུ་མགོ་གང་དུ་ལྷུང་། དེ་ཡི་ལས་ནི་
སྒྲུབ་པར་བྱེད། ཅེས་པ་སོ་ཤིང་བརྗོད་པའོ། ལྔ་ཞེས་པ་བ་ཊ་དང་། ཨ་ཤྭཐེ་
དང་ཨུ་དུམྦཱ་[༦]ར་དང་། པངྐ་ཊཱ་དང་། ཙུ་[༧]ཏ་རྣམས་སོ། ཨོཾ་བཛྲ་ཧ་ས་ཞེས་
པས་བཟའ་བར་བྱའོ། སྒྲ་ཇི་བཞིན་པོའོ། སློབ་མའི་མིག་དང་གོདོང་བ་ལ།
སེར་པོའི་གོས་ཀྱིས་གཡོགས་ན་ས་སུ དེ་ནས་བསྐོར་བ་བྱས་ནས་ནི། སྒྲུབ་པ་
པོ་དེ་བླ་མས་དབུ་ལ། ལྷོ་ཕྱོགས་ཁ་བལྟས་མེ་ཏོག་དེ། དཀྱིལ་འཁོར་དུ་ནི་དོར་
བར་བྱ། གང་དུ་མེ་ཏོག་དེ་ལྷུང་བ། དེ་ནི་སྔགས་པ་དེ་ཡི་རིགས། ཞེས་སོ།
987

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*