www.dharmabook.ru tibetan OCR



དཀྱིལ་འཁོར་དུ་ནི་དགུའི་བདག་ཉིད་དུའོ། བླ་མར་ཡང་། སྤང་རྨོངས་དེ་
བཞིན་ང་རྒྱལ་དང་། ཆགས་དང་ཕྲག་དོག་དེ་བཞིན་ཉིད། འདི་རྣམས་རིགས་
ནི་ལྔ་པོར་ངེས། འདོད་དང་ཐར་པའི་འབྲས་རབ་སྟེར། གླང་པོ་སེང་གེ་མྱུར་
འགྲོ་དང་། དེ་བཞིན་རྨ་བྱ་ནམ་མཁའ་ལྡིང་། ཁྱབ་འཇུག་ཚངས་པ་དེ་བཞིན་
ཉིད༑ དབང་ཕྱུག་ཆེ་དང་དབང་པོ་ཉིད། གྲ་བཞིར་མ་མོ་བསམ་པར་བྱ།
ཞེས་སོ། རྨོངས་པ་ལ་སོགས་པ་ནི་མ་མོ་རྣམས་ས་སོ། གོས༐་སར་པ་[༡]ནི་རྒྱས་པའི་
དོན་ཏོ། ཨོཾ་ཙཀྵུ་བནྡྷ་བར་མཱ་ཎ་ཡེ། ཞེས་པས་བ་ཅིང་བར་བྱའོ། བླ་མས་
དབུལ་ནི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་མེ་ཏོག་གཅིག་[༢]གག་མ། ལས་ཀྱི་རྡོ་
རྗེས་[༨]སྐོར་བ་བྱེད་དུ་བཅུག་ནས། དཀྱིལ་འཁོར་གྱི་ལྷོ་སྒོར་ཁྲིད་དེ། ཨོཾ་པྲ་
ཏཱིཙྪ་ཧོ་ཞེས་[༤]མེ་ཏོག་དེ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ་དོར་བར་བྱོའོ། སྒྲ་
ཇི་བཞིན་པའོ། བཅུད་དང་བཅུད་ལེན་ནད་མེད་དང་། ནོར་དང་འབྲུ་རྣམས་
རབ་སྩོལ་བྱེད། རྟག་ཏུ་དཔལ་ག་ཡང་ཞི་བ་སྟེར། དཀྱིལ་འཁོར་གྱི་ནི་ལྷོ་སྒོར་
རོ༑ ཞེས་བཤད་པའི་རྒྱུད་དུའོ། ཉི་མ་གཉིས་པར་ཁྲག་གིས་ནི། ཐིག་ལེ་དེ་
ལ་བྱ་བའོ། ཞེས་པ་ནི་ལྷག་པར་གནས་པ་བརྗོད་པ་སྟེ། བསྲུང་བའི་དོན་དུ་
སློབ་མ་ལ་ཐིག་ལེ་བྱ་བའོ། སློབ་དཔོན་ཤིན་ཏུ་མཉམ་གཞག་པས། སློབ་མ་ཡི་
ནི་གདོང་ཕྱེ་ལ། ལྷ་གང་གི་ནི་གནས་གང་ཡིན། དེ་དང་དེ་ཉིད་རབ་བསྟན་བྱ།
ཞེས་ཏེ། ཨོཾ་དི་བྱེནྡྲ༐་ཡཎྱུདྡྷ་[༥]ཊཱ་ཡ་སྭཱ་ཧཱ། ཞེས་པས་མིག་དར་དགྲོལ་བར་
བྱོའོ༑ ལྷ་ཉིད་ནི་རྣམ་པར་སྣང་མཛད་ལ་སོགས་པ་[༦]དང་། མཁའ་འགྲོ་མ་ལ་
སོགས་པ་དང། འདིར་མཁའ་འགྲོ་མ་དང་། ལཱ་མ་དང་། དུམ་སྐྱེས་མ་དང་།
གཟུགས་ཅན་མ་རྣམས་ས་ལ་སོགས་པ་དག་པའོ། སླར་ཡང་གཡོན་ནས་བརྩམ་ས་
པ་ཡིས། དེ་ནས་བསྐོར་བ་བྱས་ནས་ནི། སྒྲུབ་པོས་བླ་མ་ལ་བཏུད་ནས།
988

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*