www.dharmabook.ru tibetan OCR



ཡས༑ དངོས་གཞིའི་གནས་པ་དེ་ཐོབ་པོ། དེ་སྤྱངས་པ་ལས་མངོན་པར་ཤེས།
སེམས་ནི་ལས་རུང་མཆོག་ཏུ་འགྱུར། ད་ནི་འདིའི་སོ་སོར་སྒྲུབ་པའི་དོན་དུ་ཚངས་
པའི་སྐུད་པ་ལ་སོགས་པའི་སྔགས་བརྗོད་པར་བྱ་སྟེ། དཔའ་བོའི་སྔགས་ཡི་གེ་ཉི་ཤུ་
རྩ་གཉིས་པས་ཚངས་པའི་སྐུད་པ་བྱིན་གྱིས་བརླབ་བོ[༡]། ཨོཾ༐་༐་ཧྲཱཾ་ཧཱིཾ་ཧྲིཾཾ་[༢]ཧཱུཾ་ཕཊ།
ཅེས་པ་འདིས་བརྒྱ་ཕྱེད་མགོ་བོའི་ཕྲེང་བ་རྣམས་སོ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཧྭཾ་[༢]ཧཱུཾཾུ་ཕཊ།
ཅེས་པས་མཐེ་བོང་གི་རྡོ་རྗེ་བྱིན་གྱིས་བརླབ་བ་བོ ཨོཾ་བཛྲ་བཱ་རཱ་ཧཱི་ཧཱུཾཾ་ཕཊ་ཅེས་པས་
མགུལ་རྒྱན་ནོ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཕཊ། ཅེས་པས་པགས་པའི་གོས་
སོ༑ ཉེ་བའི་སྙིང་པོས་གསལ་བར་བརྒྱན་ནོ། ཨོཾ་ཧྭཾ་ཧཱིཾ་ཧེཾ་[༤]ཧཾཾ་ཕཊ་ཅེས་པས་
འོག་པག་གོ། ཕྲེང་བའི་སྔགས་ཀྱིས་ཐོད་པའོ། ཨོཾ་བཛྲ་བཻཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ་ཞེས་
པས་མགོ་བོའི་ཕྲེང་བའོ། ཐོད་པའི་དུམ་བུ་ལ་སོགས་པའི་སྔགས་ཀྱིས་སེན་མོ་དང་
ོསོ་བྱིན་གྱིས་བརླབ་པར་བྱ་སྟེ། གནས་པར་བྱེད་པའི་དུས་ཀྱིས་དང་པོར་ར་རོ། དེ་
བཞིན་དུ་ཁ་ཊྭཱཾ་ག་ལ་ཨོཾ་ཧེ་ཧེ་རུ་རུ་ཀཾ་ཧུ་ཧཱུཾ་ཕཊ་ཅེས་པས་བྱིན་གྱིས་བརླ་བ་པར་
བྱའོ༑ ཨོཾ་བཛྲ་བཱ་རཱ་ཧི་ཧུ་ཧཱུཾ་ཕཊ་ཅེས་པས་ཅང་ཏེའུའོ། དེ་ལྟར་གོ་ཆ་གཉིས་
དང་ཞལ་བཞི་པས་བདག་ཉིད་གོ་བགོས་ནས་གནས་པར་བྱའོ། ཡང་ན་ཕྱག་རྒྱ་ལྔ་
པོ་སྔགས་དང་བྲལ་བ་ཉིད་ཀྱིས་བྱིན་གྱིས་བརླབ་པར་བྱས་ནས། གོ་ཆ་གསུམ་པོ་
བགོས་ཏེ། རྐང་པ་བརྒྱད་པའི་སྔགས་ཀྱིས་བརྒྱན་ཏེ། ངེས་པར་འཇིགས་པ་
དང་༑ གཙེ་བར་བྱེད་པ་དེའི་དོན་དུ་ཀུན་ནས་སྤྱད་པར་བྱའོ། ཤིང་གི་ཁུ་བ་ལ་
མགོན་པོ་རྣམ་པ་སྟོང་དུ་བཟླས་པས། གང་ལ་ཐིག་ལེ་བྱས་པ་དེ་ཤིང་དང་འདྲ་
བར་འགྱུར་རོ། གླང་པོ་ཆེ་ལ་སོགས་པའི་རྐང་པའི་རྡུལ་གྱིས་བསྣུན་ན་དེའི་
གཟུགས་འཛིན་པར་འགྱུར་ར་རོ། ལན་གསུམ་བཟླས་པའི་ཆུས་གཏོར་ན་སླར་འཚོ་
བར་འགྱུར་རོ། སྒྲ་ཇི་བཞིན་པ་མ་ཡིན་པོའོ། སྐྱེ་བ་བདུན་པའི་ཆོ་གའོ། དེ་
92

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*