www.dharmabook.ru tibetan OCR



མཚམས་གསུམ་དུ་རྟག་ཏུ་བྱ། བཟའ་བ་ཡར་[༡]ངོ་མཚན་ཕྱེད་ལ། འགྲུབ་
འགྱུར་འདིར་ནི་ཐེ་ཚོམ་མེད། ཅེས་སོ། དྲི་བཟང་པོའི་ལུས་དེ་རང་ཉིད་ཤི་བ་
བསྒྲུབ་པར་བྱ་སྟེ། ནམ་མཁའ་ལ་འགྲོ་བར་འགྱུར་རོ། སྒྲ་ཇི་བཞིན་པའོ།
མཁའ་འགྲོ་རྣམས་ལ་ཅཱ་རུ་སྦྱིན། བདུན་དུ་འཇུག་པར་ཐེ་ཚོམ་མེད། ཅེས་པ་དེ་
རྣམས་ཀྱི་ཆེད་དུ་ཙཱ་རུ་དབུལ་བར་བྱ་སྟེ། བདུན་དུ་འཇུག་པ་ནི་བར་མ་ཆད་
པས་སྐྱེ་བ་བདུན་དུ་མིར་སྐྱེས་པའོ། དྲང་བའི་དོན་ཏོ། འབུམ་ཕྲག་ལྔ་བཟླས་
པར་ཡང་གསུངས་སོ། སྐྱེ་བ་བདུན་པའི་ཕྱུགས་ཉིད་ཀྱང་། མཁའ་སྤྱོད་དངོས་
གྲུབ་སྦྱིན་པར་བྱེད། ཕུང་པོ་ཁམ་ས་ནི་འཁོགས་པ་དང་། ནད་དང་བརྒྱལ་བ་
སེལ་བར་བྱེད། འཆི་མེད་ཉིད་ཀྱི་རྗེས་འབྲངས་པ། འཆི་མེད་གྲུབ་པ་སྟེར་བར་
བྱེད༑ བསད་བསྲེག་པ་ཡི་རྗེས་འབྲང་བ། སངས་རྒྱས་ཉིད་ཀྱང་མྱུར་དུ་སྦྱིན།
ཕྱི་རུ་སྐྱེས་པ་ཇི་ལྟར་བཅིངས། དེ་བཞིན་ཡེ་ཤེས་རོ་ཉིད་ཀྱང་། ཇི་སྲིད་རྣམ་
པ་[༢]ཡོངས་རྫོགས་པའི། ཚེ་ནི་རྒྱ་ཆེན་སྟེར་བར་བྱེད། ཅེས་པ་ངེས་པའི་དོན་
ཏོ༑ གསང་བའི་རྒྱུད་ནི་ཐམས་ཅད་ད་དུ། སྔགས་ཀྱི་སྙིང་པོ་དམ་པ་ནི། དེ་
ཉིད་གང་གིས་ཤེས་པ་དེ། འདིར་ནི་འགྲུབ་འགྱུར་ཐེ་ཚོམ་མེད། ཅེས་པ་ནི་
གསང་བ་ནི་བྱིས་པའི་སྐྱེ་བོ་ལ་སྦ་པར་བྱའོ། [༢]རྒྱུད་རྣམས་དྲུག་པོ་རྣམས་སོ།
སྔགས་ནི་ཡི་གེ་བདུན་པའི་གསང་སྔགས་སོ། སྙིང་པོ་ནི་བོང་བུའི་སྒོམ་པའོ།
དེ་ཉིད་ཀྱིས་ནི་ཟུང་འཇུག་གི་མཚན་ཉིད་ཀྱིས་སོ། ཤེས་པར་བྱེད་པ་ནི།
དཔལ་བླ་མའི་ཞལ་ལས་སོ། དེ་འགྲུབ་པར་འགྱུར་ནི་སྒྲ་ཇི་བཞིན་པའོ།
བརྟགས་པའི་རྣལ་འབྱོར་རོ།་།དེ་ནས་འདི་ལས་རབ་འཆད་བྱེད། ཡི་གེ་རེ་རེའི་
བརྡར་འགྱུར་བ། གང་གིས་སྨྲས་[༤]པ་ཙམ་གྱིས་ནི། ཕོ་ཉ་མོ་རྣམས་དབུགས་
དབྱུང་བྱེད། ཅེས་བྱ་བ་ལ་སོགས་པས་བརྡའི་སྐད་གསུངས་པ། བརྡ་ནི་ལུས་
9728

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*