www.dharmabook.ru tibetan OCR



མེད་[༡]བཙོ་མའི་གསེར་དང་འདྲ། རྟག་ཏུ་དམར་སེར་གོས་ལ་དགའ། ཛཱ་ཏི་
ཙམ་པ་ཀ་དྲི་ལྡན། དེ་ཡང་རིན་ཆེན་རིགས་ལས་བྱུང་། བུད་མེད་གང་ཞིག་ཁ་
དོག་དམར། དམར་པོའི་གོས་ནི་རྗེས་སུ་འཆད། མ་ལི་ཀ་དང་ཆུ་སྐྱེས་དྲི།
དེ་འོད་དཔག་མེད་རིགས་ཅན་བཤད། གང་ཞིག་ཨུཏྤ་ལ་ལྟར་སྔོ་བསངས།
རྟག་ཏུ་སྔོན་པོའི་གོས་ལ་དགའ། བུད་མེད་ཨུཏྤ་ལ་སྔོན་པོའི་དྲི། དེ་ཡང་དོན་
ཡོད་རིགས་ལས་བྱུང་། བུད་མེད་གང་ཞིག་ཁ་དོག་ནག ནག་དང་སྔོན་པོའི་
གོས་ལ་དགའ། ལྟེ་བ་ཀེ་ཏ་ཀ་ཡི་དྲི། དེ་ནི་མི་བསྐྱོད་[༢]རིགས་ལས་འབྱུང་།
ལྟེ་བ་ཞེས་པ་གླ་རྩིའོ། དཔལ་བཟང་པོ་ཡི་རིགས་སུ་གསུ་གསལ། ཞེས་སོ།
དམར་ཞིང་དཀར་བའི་བུད་མེད་ག་ང་། དམར་ཞིང་དཀར་བའི་གོས་ལ་དགའ།
རྟག་ཏུ་ག་བུར་དྲི་དང་ལྡན། དེ་ཡང་རྡོར་སེམས་རིགས་ལས་བྱུང་། རྣལ་
འབྱོར་མ་ཡི་རིགས་དག་ནི། དྲུག་པོ་འདི་དག་ངས་བཤད་ད་དོ། ཞེས་པ་ནི་བྲམ་
ཟེ་མོ་དང་། གར་མཁན་[༢]དང་། གཏུམ་མོ་དང་།་རྗེ་རིགས་མོ་དང་།
དམངས་རིགས་མོ་དང་། གཡུང་མོ་ཞེས་པ་དྲུག་གོ། སྤྱན་མ་དང་། དཀར་མོ་
དང་༑ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་[༤]དང་། མཱ་མ་ཀཱི་དང་། སྒྲོལ་མ་
དང་༑ རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འོ། འདི་རྣམས་ཀྱི་དྲི་ཡང་། ལུས་དང་
བྷ་ག་ལ་ཡང་རྟག་ཏུ་འགྱུར་ཏེ་ཞེས་ཇི་སྐད་གསུངས་པའོ། སྒྲ་ཇི་བཞིན་པའོ།
གཡོན་པའི་ཀུན་སྤྱོད་ལ་རྟག་དགའི། རིགས་ཀྱི་རིག་[༥]པའི་ཡི་གེ་ཟློས། རང་གི་
ཕྱག་རྒྱའི་འཆིང་བ་དང་། རང་རིགས་ལས་བྱུང་ཆིག་རྣམས་ས་སྨྲ ཞེས་པ་ནི་
གཡོན་མ་ནི་བུད་མེད་དོ། རིགས་ཀྱི་རིག་པའི་ཡི་གེ་ནི་རྣམ་པར་སྣང་མཛད་ལ་
ོསོགས་པའི་སྔགས་སོ། རང་གི་ཕྱག་རྒྱ་ནི་རིགས་གང་ཡིན་པ་སོ་སོའི་འཆིང་བ་
དེའི་རིགས་ཀྱི་ཕྱག་རྒྱའོ། ཚིག་རྣམས་ནི་ཚིག་ག་གོ། གཡོན་པས་འགྲོ་བའི་བུད་
972

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*