www.dharmabook.ru tibetan OCR



རྒྱའི་ལན་ནི་ཡིན་པར་བཤད། ཀླུ་དབང་རིགས་ཀྱི་ལཱ་མ་ཡི། མཚན་ཉིད་འདི་
འདྲར་འགྱུར་བ་ཡིན། ཞེས་སོ། ཀླུའི་དབང་པོ་ནི་ནམ་མཁའ་ལྡིང་གིའོ[༡]།
དེའི་བདག་པོ་ནི་དོན་ཡོད་དེ་དགོངས་པའོ། ལག་པ་གཡོན་པའི་སྟེང་དུ་གཡས་
པའི་ཁུ་ཚུར་བཞག་ལ། ལག་པའི་མཐེ་བོ་དང་མཐེ་ཆུང་བརྐྱང་ནས་སོར་མོ་གསུམ་
གདེངས་ཀའི་རྣམ་པ་ནི། མིག་སྨན་གྱི་[༢]ཕྱག་རྒྱའོ་ཞེས་པ་སྒྲ་ཇི་བཞིན་པའོ།
དེ་ནས་འདི་ལས་ལག་གཡོན་གྱི། བརྡ་གཞན་རབ་ཏུ་འཆད་པར་བྱེད། གང་གི་
སྤུན་ནམ་སྲིན་མོར་ཡང་། ཡང་དག་པར་ནི་རྣམ་ཤེས་བྱེད། ཅེས་བྱ་བ་ལ་
སོགས་པས་བརྡ་གསུངས་སོ། གསོང་པོར་སྨྲ་ཞེས་བཆཱོད་པ་ཡིན་ནི། ལག་པ་
གཡོན་པས་གསོང་པོར་སྨྲ་བ་ལས་སོ། མིང་མེད་སྟོན་པ་ཉིད་ལས་ནི། གསོང་
པོར་སྨྲ་བའི་ལན་དུ་བརྗོད། གང་ཞིག་ལྟོ་བ་རྡེབས་པ་ནི། བཀྲེས་པ་[༢]རབ་ཏུ་
གསལ་བར་བྱེད། གང་ཞིག་དཔྲལ་བ་སྟོན་པ་ནི། དེ་ཉིད་གང་འོངས་ཞེས་པ་
འདྲི༑ ཁར་ནི་སོར་མོ་རབ་འཇུག་པ། ཁྱོད་ཀྱིས་རྗོས་པ་རབ་གསལ་བྱེད།
གང་ཞིག་ལྕེ་ནི་སྐྱོད་པར་བྱེད། བཟ་འ་བར་བྱ་ཞེས་རབ་གསལ་བྱེ་ད། གང་ཞིག་
པུས་མོ་ལ་རེག་པ། ངལ་སོ་ཞེས་ནི་བརྫོད་པ་ཡིན། གང་ཞིག་སོར་མོའི་རྩེ་རྩེ་རེག་
པ༑ ངལ་ནི་སོས་པར་རབ་གསལ་བྱེད། གང་ཞིག་སོ་ནི་འཆའ་བྱེད་པ།
ཁྱོད་ཀྱི་ཤ་ནི་བཟའ་བྱའོ། གང་ཞིག་ཁྲོ་གཉེར་སྟོན་བྱེད་པ། བཅིངས་སོ་ཞེས་
ནི་བརྗོད་པ་ཡིན། གང་ཞིག་མཁའ་ལྡིང་སྟོན་བྱེད་པ། སྒྲུབ་པོ་བདག་གིས་གྲོལ་
བའོ༑ ལག་པར་ལག་པས་བརྡེབས་པ་ནི། གཏོར་མ་བཟའ་ཞེས་བརྫོད་པ་
ཡིན༑ ལག་པ་གཡས་པ་སྟོན་བྱེད་པ། དེ་ལྟར་གྱིས་ཞེས་རབ་ཏུ་བརྗོད།
གང་ཞིག་རྣ་བ་ལ་རེག་པ། བ་དག་ནི་ངལ་བསོ་གནས་པར་བྱ། གང་ཞིག་སེ་ན་
མོས་སེན་མོ་རེག ཤི་བ་དུར་ཁྲོད་དུ་ཁྱེར་ཞིག གང་ཞིག་ས་ལ་རྣམ་པར་འདྲི།
9740

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*