www.dharmabook.ru tibetan OCR



བཞག་སྟེ་ཕྱག་བྱའོ། རྒྱུད་གཞན་དུ་ཡང་། རྣལ་འབྱོར་པ་རྣམས་ཇི་སྲིསྲིད་
ཏིང་ངེ་འཛིན་དང་མངོན་པར་ཤེས་པ་མ་སྐྱེས་པ་དེ་སྲིད་དུ། འཇིག་རྟེན་པ་དང་
རྩོད་པའི་དོན་དུ་ཕྱག་རྒྱའི་ལན་བསྟན་པར་མི་བྱའོ་ཞེས་སོ། ཀཱཅོ་ི་ཀའི་[༡]ཆེད་དུ་
བརྡའོ།
དེ་ནས་གཞན་ཡང་མཁའ་འགྲོ་མའི། མཚན་ཉིད་ཇི་བཞིན་རབ་འཆད་
དེ[༢]༑ སྒྲུབ་པོ་གང་གིས་མཁའ་འགྲོ་མ། འདི་ནི་རིང་ཡང་ཤེས་པར་བྱ། རྗེས་
སུ་ཆགས་པའི་མཚན་ཉིད་གསལ་བར་གསུངས་པ། དམ་ཚིག་ཅན་གང་རྗེས་
ཆ་གས་པ། དཔའ་བོའི་ལོངས་སྤྱོད་ས་གཞི་ཡིན། གཞི་ནི་ས་གཞིར་བྱས་ནས་
ོསོ[༢]༑ རྣལ་འབྱོར་པ་ཡི་སྡོམ་པ་མཆོད། ཅེས་པ་ནི་རྗེས་སུ་ཆགས་པ་ནི་ཁོལ་མོ་
བཞིན་དུ་དབང་གྱུར་ཅིང་། མ་བཞིན་དུ་ཕན་པར་འདོད་པ། སྲིང་མོ་བཞིན་དུ་
མཉེས་གཤིན་[༤]པ་ཞེས་བརྗོད་པ་ནི་དམ་ཚིག་ཅན་དུ་ལུང་ཉིད་ལས་ས་སོ། བུད་
མེད་ཀྱི་རྟགས་ལ་སླར་ཡང་རྟགས་ཉིད་དོ། གང་གི་[༥]རྣལ་འབྱོར་པའིའོ།
དཔའ་བོ་ཞེས་པ་ནི་ལུང་ལས་གང་གི་ཚེ་ངེས་པར་རྣམ་པར་ཟ་བ་པོ་ནི་དཔའ་བོ་དེའི་
ལོངས་སྤྱོད་[༦]བྱ་ནི་དབྱིག་འཛིན་ཏེ། དབྱིག་ནི་རིན་པོ་ཆེ འཛིན་པར་བྱེད་དོ་
སྟེ་བྱས་ནས་ས་སོ། གཞི་ནི་གནས་ཏེ་ས་གཞིའོ། དེ་ལས་གནས་སུ་བྱས་ནས།
ཡང་དག་པ་ཡང་དག་པའི་རྣམ་པས་བསྒོམ་པར་བྱའོ། ར་ང་གི་སེམས་ལ་གནས་
པའི་རྣལ་འབྱོར་དང་ལྡན་པ་ནི་[༧]རྣལ་འབྱོར་ར་རོ། སྡོམ་པ་ནི་དྲི་མ་མེད་པའི་དོན་
དུ་ཡང་། ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། ཡེ་ཤེས་གཅིག་སྦྱོར་སྡོམ་པ་
དང་༑ ཞེས་སོ། སྤྲོས་པ་མེད་པའི་དབྱིག་གཉེན་ཞབས་ཀྱིས་ཀྱང་གསུངས་པ།
དེ་ཉིད་ཟ་ག་པ་མེད་པའི་དབྱིངས། བསམ་གྱིས་མི་ཁྱབ་དགེ་དང་བརྟན། བདེ་བ་
རྣམ་གྲོལ་སྐུ་འདི་ནི། ཐུབ་པ་ཆེན་པོའི་ཆོས་ཞེས་བཤད། ཅེས་སོ། རྡོ་རྗེ་གུར་དུ་
974

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*