www.dharmabook.ru tibetan OCR



ཏུ་དགའ་བར་གྱུར་ཀྱང་རྣལ་འབྱོར་མ་རྣམས་རྣལ་འབྱོར་པ་ལ་མ་ཚིམ་དངོས་གྲུབ་
སྦྱིན་མི་འགྱུར། ཞེས་སོ། རྣལ་འབྱོར་གནས་སུ་ནི། གསང་བར་ཏེ་ཁྱད་པར་
ལས་སོ། རྡོ་རྗེ་བདུད་རྩིར་ཡང་། བྱེད་པ་བཅིང་བའི་སྦྱོར་བ་ཡིས། ས་
གསུམ་པོ་ནི་བསྒྲུབ་པར་བྱ། ཁྱོགས་དང་གྲུབ་མོ་ཡིས་ཀྱང་ནི། དེ་བཞིན་ཤིན་
ཏུ་རབ་བརྐྱང་ཉིད། ཅེས་སོ། རྡོ་རྗེ་ཨ་རལླི་རྒྱུད་དུ། ཇི་སྲིད་མི་འཛག་དེ་
སྲིད་དུ། པདྨར་རྡོ་རྗེ་གཞུག་བྱ་མིན། ཞེས་སོ། པདྨ་ཆེན་པོ་དེར་ཕྱིན་ན་ནས་
རྡོ་རྗེ་གཞུག་པར་བྱའོ་ཞེས་པ་དགོངས་པའོ། ཇི་སྲིད་རྣལ་འབྱོར་ཚོགས་པ་ཉིད།་།
དོངོས་གྲུབ་ཐམས་ཅད་བྱེད་པར་བཤད། ་ཇི་སྲིད་རྡོ་རྗེ་མཁའ་འགྲོ་རྣམས།
རྣལ་འབྱོར་པས་ནི་བསྒྲུབ་པར་བྱ། ཞེས་སོ། སྦྱོར་དང་ཀུན་སྦྱོར་དེ་རྗེས་འགྲོ།
ཡང་དག་བཟུང་[༡]ནས་ཚོགས་པ་ཉིད། འདོད་ཁམས་གནས་པའི་བུད་མེད་ཅེས་
པའི་དོན་ཏོ། དེ་བཞིན་དུ་ལྷ་མོ་དང་ཀླུ་མོ་དང་། དེ་བཞིན་འདབ་ཆགས་མོ་
དང་ལྷ་མིན་མོ་དང་མི་ཡང་སྟེ། རྒྱུད་གཞན་དུ་ཡང་། སྤྲེ་མོ་དང་ནི་ཁྱི་མོ་ཡང་།
བོང་མོ་དེ་བཞིན་རྔ་མོ་སྐྱེས། རི་དྭགས་མོ་དང་ར་མ་ཉིད། ཕག་མོ་བ་མིན་ལས་
བྱུང་བ། བདག་ཉིད་ཧེ་རུ་ཀ་ཁོ་ནས། འདོད་པར་བྱའོ་ཟླ་དྲུག་གིས།
འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། སྒྲ་ཇི་བཞིན་པའོ། རྡོ་རྗེ་མཁའ་འགྲོ་མ་
རྣམས་ནི། རྒྱུད་སྣ་ཚོགས་སུ་གསུངས་པའི་ལྷ་མོ་རྣམས་སོ། སྒྲ་ཇི་བཞིན་པའོ།
མ་དང་སྲིང་མོ་བུ་མོ་དང་། ཆུང་མ་ཕོ་ཉ་མོ་ཅན་གན་གནས། ཞེས་སོ། ཐམས་
ཅད་བསྟེན་པ་གསུངས་པ། ཤེས་ར་བ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྡོ་རྗེ་དབྱིངས་ཀྱི་
དབང་ཕྱུག་མའོ། རྡོ་རྗེ་མ་ཁའ་འགྲོ་མ་ནི་རེག་བྱ་རྡོ་རྗེ་མའོ། དགོངས་པའོ།
ཕོ་ཉ་མོ་དེ་དབང་གྱུར་ལས་ཀྱི་ཕྱག་རྒྱར་འགྱུར་ཞིང་གསང་བའི་མི་མོ་གཞན་གྱི་བུད་
མེད་དམ་ཚིག་སྟེ། རང་དབང་ཆོས་ཀྱི་ཕྱག་རྒྱ་ཕུལ་[༢]ནི་མང་པོ་ལ་དགའ་རང་གི་
748

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*