www.dharmabook.ru tibetan OCR



བར་བགྱི། རྡོ་རྗེ་ཆེན་པོའི་རིགས་བསྡུས་ལ། རྡོ་རྗེ་དྲིལ་བུ་དང་ཕྱག་རྒྱ། དེ་
ཉིད་ལས་ནི་སོ་སོར་གཟུང་། སློབ་དཔོན་ཡང་ནི་གཟུང་བར་བགྱི། རིན་ཆེན་
ཆེན་པོའི་རིགས་རུང་བ། དམ་ཚིག་ཡིད་དུ་འོང་བ་ལ། ཉི་མ་ཉི་མར་དྲུག་བྱས་
ནས༑ སྦྱིན་པ་བཞི་ནི་རབ་སྦྱིན་བགྱི། བྱང་ཆུབ་ཆེན་པོ་ལས་བྱུང་བའི།
པདྨའི་རིགས་ཆེན་དག་པ་ལ། ཕྱི་དང་གསང་བ་ཐེག་པ་གསུམ། དམ་ཆོས་སོ་
སོར་གཟུང་བར་བགྱི། ལས་ཆེན་པོ་ཡི་རིགས་བསྡུས་ལ། སྡོམ་པ་ཐམས་ཅད་
ཡང་དག་ལྡན། དེ་ཉིད་ལས་ནི་སོ་སོར་གཟུང་། མཆོད་པའི་ལས་ནི་ཅི་ནུས་
བཞིན། བྱང་ཆུབ་སེམས་ནི་བླ་ན་མེད། དམ་པ་བདག་གིས་བསྐྱེད་བགྱིས་ནས།
སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། སྡོམ་པ་མཐའ་དག་གཟུང་བ་དང་། མ་
བརྒལ་[༡]བ་རྣམས་བསྒྲལ་བར་བགྱི། མ་གྲོལ་བ་རྣམས་བདག་གིས་དགྲོལ།
དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། སེམས་ཅན་མྱ་ངན་འདས་ལ་དགོད།
དེ་ལ་དང་པོ་ར་བདེ་བས་ཉེ་བར་ཞུགས་ཏེ། ལྕེ་ལ་མ་ལས་སྐྱེས་པའི་ཟླ་བ་ལ་ཧཱུཾཾ་ལས་
སྐྱེས་པའི་རྡོ་རྗེ་དཀར་པོ་རྣམ་པར་བསམས་ནས། རྡོ་རྗེ་ཐལ་མོ་སྤྱི་བོར་བཅིངས་
ཏེ༑ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨྨཱཿསྭ་བྷཱ་ཝ་ཤུདྡྷོ྅[༢]ཧཾཾ། ཞེས་བརྗོད་ནས་སྡོམ་པ་
གཟུང་བར་བྱའོ། དེ་ནས་རས་རིས་ལ་སོགས་པ་ལ་གནས་པའམ། མངའ་
བ་དག་ཡང་དག་པར་མཆོད་ནས། ཐོག་མ་བར་དང་ཐ་མར་ནི། གསང་སྔགས་
ཡི་གེ་བརྒྱ་པ་བཟླས། དེ་བཞིན་དུ་ཡང་བླ་མར་གསུངས་པ། ཨོཾ་བཛྲ་ཧེ་རུ་ཀ་ས་
མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྠ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ།
ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་[༢]པྲ་ཡཙྪ་སརྦ་ཀརྨ་སུ་ཙ་[༤]མེ་
ཙིཏྟི་ཤྲེ་ཡཿཿཀུ་རུ་ཧཱུཾཾུ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀ་བྷ་བ་མ་
ཧཱ་ས་མ་ཡ་སཏྭ་ཨཱཿ[༥]ཧཱུཾཾ་ཕཊ། དེ་ལྟར་ཀུན་ལ་ཁྱབ་པ་ཡི། བཅོམ་ལྡན་ཡི་གེ་
97་བྱ8

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*