www.dharmabook.ru tibetan OCR



ཞེས་བྱ་བ་ནི་གསེར་ཤིང་གི་ས་བོན་བླངས་ལ་ཉི་ཤུ་དགུ་ལ་ཁྲའི་ཐོད་པའི་ནང་དུ་སྦྲུལ་
ནག་པོའི་ཞག་གིས་བསྒོས་ཏེ་བསྐྱེད་ལ་སྨིན་པ་དང་བླངས་ལ་གང་གི་མགུལ་དུ་
བཅིངས་ན་[༡]དེ་མི་སྣང་བར་འགྱུར་ཞིང་བཀྲོལ་ན་སྣང་བར་འགྱུར་རོ། ཁང་
བཟངས་[༢]དང་ཤིང་གི་རྩི་མོ་ལ་སོགས་པ་ཕྱེ་མར་བྱེད་དོ་ཞེས་བྱ་བ་ནི་ཞལ་བཞི་ཕྱག་
བཅུ་གཉིས་པའི་བདེ་མཆོག་བསྒོམས་ནས་དགྲ་སྟ་ལ་ཡི་གེ་རྐང་པ་བརྒྱད་པའི་འཁྲུལ་
འཁོར་བྲིས་ཏེ་བསྣུན་ན་ཕྱེ་མར་འགྱུར་ར་རོ། དུག་བདུད་རྩིར་བྱེད་པ་ནི་ལག་པ་
གཡོན་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེ་ང་དུ་རྐང་པ་བརྒྱད་པའི་འཁོར་ལོ་
བཀོད་ནས་སྣ་བུག་གཡོན་པའི་རླུང་གིས་རེག་ན་དུག་བདུད་རྩིར་བྱེད་དོ། བདུད་
རྩི་དུག་ཏུ་བྱེད་པ་ནི༐་༐་སྐྱུར་བ་འམ་[༢]ཁ་བའི་ས་བོན་བླངས་ནས་སྦྲུ་ལ་ནག་པོའི་ཞག་ག་གིས་
བྱུགས་ཏེ་གཟའ་མིག་དམར་གྱི་ཞག་ལ་[༤]ལམ་གྱི་བཞི་མདོར་སྦྲུལ་གྱི་ཐོད་པ་ཡང་
བཀང་སྟེ་བསྐྱེད་ལ་དེའི་ཁུ་བས་དཔྲལ་བར་ཐིག་ལེ་བྱས་ན་བཟའ་བཏུང་ལ་བལྟས་པ་
ཙམ་གྱིས་དུག་ཏུ་འགྱུར་རོ། ཟླ་བ་ཆུར་བྱེད་པ་ནི་སྨན་ི་སྨན་ཨརྐའི་མེ་སྦར་ལ་པདྨའི་
སྣལ་མའི་ཕྱེ་མ་དང་འོ་མས་ལན་མང་དུ་བྱུགས་ཏེ་སྦྱིན་སྲེག་ཕུལ་བའི་ཐལ་བས་ཅི་ཏྲ་
ཀའི་ཁུ་བ་དང་སྦྲུས་ཏེ་རི་ལུ་གྲིབ་མ་ལ་བསྐམ་ས་ཏེ་སོག་མའི་ནང་དུ་བཅུག་ལ་ཆང་གི་
སྣོད་དུ་བླུགས་[༥]ན་འོ་མ་ལྟ་བུའི་ཁ་དོག་ཏུ་འགྱུར་རོ། ཀུ་སུ་མའི་ཕྱེ་མ་དང་འཛམ་
བུ་རའི་འབྲས་བུའི་ཁུ་[༦]བ་དང་འོ་མའི་ནང་དུ་བླུགས་ན་ཆང་འདྲ་བར་འགྱུར་རོ།
རོ་འཕྲོག་པ་ནི་ཚེར་མ་དང་བཅས་པའི་ཤིང་ཀ་ར་ཉྫའི་ཕྱེ་མ་དང༐་ན་རང་གའི་[༧]ཤུན་
པའི་ཕྱེ་མ་དང་བསྲེས་པའི་ཕྱེ་མས་བདུགས་ན་དྲི་འཕྲོག་[༨]པར་བྱེད་དོ། གང་དུ་
འདོད་པ་དེར་ཐོབ་པར་བྱེད་དོ་ཞེས་བྱ་བ་ནི༐་ཀ་ར་ཉྫ་དང་ན་[༩]ར་ང་གའི་ཕྱེ་མས་གུ་
གུལ་དང་བསྲེས་པས་གླ་རྩི་ལ་བདུགས་ན་གུ་གུལ་གྱི་དྲི་བྲོ་བར་འགྱུར་རོ། གླ་རྩི་
དང་བསྲེས་[༡༠]པས་གུ་གུལ་ལ་བདུགས་ན་གླ་རྩིའི༐དྲི་བྲོ་[༡༡]བར་འགྱུར་རོ། ནམ་
9ཏྲ

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*