མཛད་མ་དང་། བྱིན་ཟ་མ་དང་ཕཊ་སྒྲོག་མ་དང་། དེ་བཞིན་དུ་སྭ་སྒྲོག་མ་དང་
བཅུ་གཉིས་ཏེ། ཤར་དང་བྱང་དང་ནུབ་དང་ལྷོའི་འདབ་མའི་ལྷ་མོ་རྣམས་ས་སོ།
ཡི་གེ་ཧཱུཾཾ་ལས་དབུས་སུ་གཙོ་མོ་སྔོན་པོ་ཆེན་པོ་གཟི་བརྗིད་ཆེན་མོ་སྟེ། ཤིན་ཏུ་
འཇིགས་པ་[༡]བདུད་ཐམས་ཅད་རབ་ཏུ་མནན་པའི་མཚན་ཐམས་ཅད་རྫོགས་པའི་རྡོ་
རྗེ་ཕག་མོ་སྟེ་དངོས་གྲུབ་ཐམས་ཅད་ར་བ་ཏུ་སྩོལ་བར་བརྩོན་མ་འོ། སྔོན་པོ་སེར་
པོ་དམར་པོ་ལྗང་གུ་སྟེ། སྟེང་གི་ཞལ་ནི་དཀར་པོ་ཞི་བ་དང༐་ལྡན་པའོ[༢]། ཕྱག་
བཅུ་གཉིས་པ་སྤྱན་གསུམ་པ་མཆེ་བ་ཅུང་ཟད་ཙམ་གཅིགས་ཤིང་རྣམ་པར་འགྱུར་བ།
གཡས་བརྐྱང་བས་གནས་པའི་ཞབས་ཀྱིས་འཇིགས་བྱེད་དང་དེའི་ཆུང་མ་ཙ་མུཎྜཱི་
འཇིགས་པས་མྱོས་པར་[༢]མཛད་པའོ། ཐོད་པའི་ཕྲེང་བ་ཅན་བཀྲ་བ་རྒྱན་ཐམས་
ཅད་ཀྱིས་བརྒྱན་པ། གསུས་པ་འཕྱང་ཞིང་སྐྲ་གྲོལ་བ་ཕྱོགས་ཀྱི་གོས་ཅན་རང་གི་
ཐབས་ལ་བདེ་བར་གནས་ཤིང་ཐུགས་རྗེ་འཁྲིགས་པས་བསྐྱོད་པ་རྡོ་རྗེ་དྲིལ་བུ་ཅན་
གྱིས་སྙོམ་སས་ས་པར་ཞུགས་པའོ། གཞན་རྣམས་ཐོད་པ་དང་ཁ་ཊྭཱཾ་ག་དང་མདུང་
དང་། གྲི་གུག་དང་ཅང་ཏེའུ་དང་། ཞགས་པ་དང་། ལྕགས་ཀྱུ་
དང་༑ ཚངས་པའི་མགོ་བོ་དང་། དགྲ་སྟ་དང་སྡིགས་མཛུབ་རྣམས་འཛིན་པའོ།་།
གཞན་[༤]གཉིས་ཀྱིས་ནི་མིའི་པགས་པ་སྟེང་ནས་མནབས་པའི་ཚུལ་དུ་འཛིན་པའོ།
འདབ་མའི་ལྷ་མོ་རྣམས་ནི་སེར་པོ་ལྗང་གུ་དམར་པོ་སྔོན་པོའི་ཁ་དོག་ག་གོ། སྔོན་པོ་
ལྗང་གུ་དཀར་པོ་སེར་པོ་རྣམས་ནི་སྒོ་བཞིའོ། མེ་ལ་སོགས་པའི་གྲ་རྣམས་ནི་
དམར་པོ་དུད་ུད་ཁ་སྔོན་པོ་དཀར་པོ་སྟེ། དབང་ལྡན་གྱི་བར་དུ་གནས་པའོ། བཅུ་
གཉིས་པོ་དེ་རྣམས་ནི་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ་ལ་རྒྱན་ཐམས་ཅད་ཀྱིས་
བརྒྱན་པ་སྟེ། ཡི་དྭགས་ཀྱི་སྟེང་ན་སྐྱིལ་ཀྲུང་ཕྱེད་པས་རབ་ཏུ་བཞུགས་པ།
ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ་ནུ་མ་རྒྱས་པ་སྐལ་བ་དང་ལྡན་པའི་གཟུ་གས་བལྟ་བས་
92


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*