ནཱ༐ག་ ཾ་བཪྵ་[༡]པ་ཡ་ཧཱུཾ་ནཱོཾ་ཧཱུཾ་སྭཱ་ཧཱ། འདི་ལྟ་བུར་ཀུན་གྱིས་བལྟ་སྟེ་ཁྲོ་བོ་ཆེན་པོར་
བསྒོམས་པས་ཐམས་ཅད་ཀྱི་ཁྲི་ཕྲག་རེ་རེ་བཟླས་པ་སྦྱིན་པར་བྱའོ། དེ་ནས་ཅང་
མི་སྨྲ་བར་ཤིན་ཏུ་མཉམ་པར་གཞག་[༢]པས་ཚངས་པར་སྤྱོད་ཅིང་འོ་མ་དང་འབྲས་
ཆན་དུ་ལྡན་པར་སྤྱད་ཅིང་ཀླུ་རྣམས་ཀྱི་གཏོར་མ་ལ་ཡང་དག་པར་ལྡན་པར་བྱ་སྟེ།
འོ་མས་བྱུག་པར་བྱས་ནས་འོ་མ་དང་ལྡན་པའི་ཤིང་གིས་སྦྱིན་སྲེག་བྱོའོ། འོ་མ་
ཅན་གྱི་བུད་ཤིང་དང་འོ་མ་ཅན་གྱི་ཡམ་ཤིང་འོ་མར་[༢]ལྡན་པར་བྱས་ཏེ་སྦྱིན་པར་
བྱའོ༑ བུམ་པ་འོ་མས་ཡོངས་སུ་བཀང་བ་དང་། གཏོར་མ་འོ་མ་དང་ལྡན་པ་
ཕྱོགས་བཅུར་སྦྱིན་པར་བྱའོ། ་དེ་ལྟ་བུའི་ཆོ་གས་ཡང་དག་པར་མཆོད་ཅིང་ཐུན་
མཚམས་བཞིར་སྟོང་ཕྲག་རེ་རེ་བཟླས་ན་ཞག་བདུན་གྱིས་ས་གཞི་ཐམས་ཅད་དུ་ཆར་
འབབ་པ་ནི་སྨོས་ཀྱང་ཅི་དགོས་སོ། དེ་ནས་དེའི་རྗེས་སུ་ཆར་པའི་ཆུ་དང་ཡུངས་
ཀར་[༤]དངུལ་གྱི་སྣོད་དུ་བཞག་པ་ལ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་
ཏེ༑ སངས་རྒྱས་ཀྱི་སྐུ་གཟུགས་སམ་སྐུ་[༥]གདུང་ཆུ་དང་དྲི་དང་འོ་མར་བསྲེས་པས་
ཁྲུས་བྱས་ལ་དེ་ནས་ཆུ་འགྲམ་གཉིས་ཀྱི་ས་བླངས་ཏེ། དེས་འདག་པར་བྱས་པ་ལ་
ཀླུའི་གཟུགས་བརྙན་མགོ་དགུ་པར་བྱས་ལ་ནུབ་ཏུ་ཁ་བསྟན་ཏེ་བཞག་པ་ལ་ཡང་ཁྲུས་
བྱས་པའི་ཆུ་དེས་བྲན་པར་བྱའོ། དེ་ནས་དེ་ཡང་དག་པར་མཆོད་ལ་གཙང་པོའི་
ནང་དུ་བསྐྱལ་ན་དེ་མ་ཐག་ཏུ་ཆར་པའི་རྒྱུན་འཛམ་བུའི་གླིང་ཐམས་ཅད་དུ་ཀླུ་
རྣམས་མགུ་བས་འབེབས་པར་འགྱུར་རོ། དེ་ཡིས་སའི་ལོ་ཏོག་ཕུན་སུམ་ཚོགས་
པར་འགྱུར་ལ་སེམས་ཅན་ཐམས་ཅ་ད་བདེ་བ་ལ་རེག་པར་གནས་པར་བྱའོ། དེ་
ནས་ཡང་འཁྲུལ་འཁོར་དང་རབ་ཏུ་སྦྱོར་བ་[༦]བརྩམ་པར་བྱ་སྟེ། གདེངས་ཀ་དབང་
ཕྱུག་ཅེས་བྱ་བའི་འཁོར་ལོ་སྔགས་ཀྱི་འཁོར་ལོའི་མཐུ་མཆོག་ཏུ་རྔམ་[༧]པར་གྱུར་ཅིང་
བསྟན་[༨]པ་སྟེ། ཐོས་པ་ཙམ་གྱིས་གདེངས་ཀ་ཅན་རྣམས་འཚོག་[༩]ན་ཅི་ཐམས་ཅད་ཀྱི་
922


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*