དམ་ཚིག་གི་ཕྱག་རྒྱའོ། པྲོ་ཏཾཾ་གཱི་[༡]ཞེས་པ་ལ་སོགས་པ་ནི་ཇི་ལྟར་གསུངས་པ་
བཞིན་པས་གོ་སླའོ། སྐད་དེ་དག་ལ་སྦྱོར་བ་དེ་ཉིད་རྣལ་འབྱོར་པས་ཐེ་ཚོམ་མི་
ཟོའོ༑ འདི་དག་ནི་དཔ་ལ་ཧེ་རུ་ཀ་[༢]བ་དེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་
གནས་ཞེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་བཞི་པའི་རྣམ་པར་བཤད་པའོ།
དེ་ནས་དོན་ཀུན་ལ་ནི་འདོད་པའི་ཞེས་པ་ལ་སོགས་པའི་དོན་ནི་འདི་དག་ལ་
བརྒྱད་པོ་མཐར་སྦྱར་གསུངས་པ་ཞེས་པ་ནི་ཡང་དག་པར་སྦྱ་ར་ཏེ།དེ་ལ་བརྒྱད་པའི་
མཐའ་ནི་ཡི་གེ་ཧའོ། དེ་ཉིད་ལ་ཡི་གེ་ཨུ་དང་ཐིག་ལེར་ལྡན་པར་བྱའོ། དེས་ན་འདི་
ལྟར་འགྱུར་ཏེ། ཨོཾ་ན་མོ་བྷ་ག་ཝ་ཏེ་པཱི་རེ་ཤཱ་ཡ། མ་ཧཱ་ཞེས་པ་ལ་སོགས་པ་གསལ་
ལོ༑ འདི་དག་ནི་དཔ་ལ་ཧེ་རུ་ཀ་[༢]བ་དེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་
གནས་ཞེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་[༤]ལྔ་པའི་རྣམ་པར་བཤད་པའོ།
དེ་ནས་གཞན་ན་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་དཔལ་ཧེ་རུ་ཀ་[༥]བདག་ཉིད་
ཆེན་པོའོ། རིམ་དང་རིམ་བཟློག་པའི་ཞེས་པ་ནི་རིམ་པ་བཞིན་དུ་བསླབ་པར་བྱའོ།
སྟེང་འོག་དངོས་གྲུབ་རྟག་ཏུ་སྟེར། ཞེས་པ་ནི་འོག་ཅེས་པ་ནི་ས་འོག་ལ་སོགས་པ་
གང་ཅུང་ཟ་ད་ཡོད་དོ་ཅོག་གོ། སྟེང་ཞེས་པ་ནི་སྟེང་གི་དངོས་གྲུབ་སྟེ། ཕྱག་རྒྱ་
ཆེན་པོའོ། ཕོ་ཉ་མ་ཞེས་པ་ལ། ཕོ་ཉ་མ་དང་འདྲ་བས་ཕོ་ཉ་རྣམས་སུ་འགྱུར་[༦]
ཏེ༑ ཐམས་ཅད་ཕུན་སུམ་ཚོགས་པའི་བྱང་ཆུབ་ཐམས་ཅད་ངེས་པར་སྟེར་བར་
གནས་པ་གཉིས་སུ་མེད་པ་དགའ་བའི་གཟུགས་ཅན་ན་ནོ། བདག་གི་ཕོ་ཉ་མ་ཞེས་
པ་ནི་དེ་དང་ལྷན་ཅིག་ཏུ་སྤྱོད་ཅིང་མོངོན་[༧]དུ་སྤྱད་པར་བྱ་བ་མའོ། ཀུན་འགྲོ་
ཞེས་པ་ནི་སྐལ་བ་དང་ལྡན་པའི་སེམས་ཅན་ལ་དོན་སོ་སོར་སྒྲུབ་པར་བྱེད་པའོ།
9274


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*