བལྗནའགྱུར། རྒྱུད།

པོ་ཡིན། ཞེས་པ་ནི་རྒྱལ་བ་རིན་པོ་ཆེ་རྣམས་ཐམས་ཅད་ཀྱི་བདེ་བའི་རྒྱུ་ཉིད་ཀྱི་
ཕྱིར་ནའོ། གཉིས་པ་ཟླ་བ་ཡིན་པར་འདོད། ཅེས་པ་ལ[༡]། ཟླ་བ་ནི་བདུད་རྩི་
སྟེ་ཆང་ང་ངོ་། ཟས་གཅིག་ཏུ་ཟ་བ་ཉིད་ངེས་པ་ནི་ཇི་ལྟར་བྱ་བའི་རིགས་དུ་མ་རྣམས་
གཅིག་ཏུ་བསྐྱེད་པར་བྱ་བྱ་བའོ། གཙང་སྦྲ་འདི་དག་ཅེས་པ་ལ་སོགས་པ་ནི་གསལ་
ཁོ༑ དེ་བཞིན་གཤེགས་པའི་ས་རྣམས་འཐོབ་པ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་
གྲུབ་ལ་བྱའོ། གང་གི་ཚེ་བརྩོན་འགྲུས་དམན་པས་མ་ཐོབ་པ་དེའི་ཚེ་ན་ཡང་སྦྲུལ་
གྱི་པགས་པ་རྙིང་པ་བཞིན་དུ་ལུས་འདི་ཡོངས་སུ་བོར་ནས་གྱ་ནོམ་སྣང་ལ་སོགས་
པར་གནས་ཏེ། དེ་བཞིན་གཤེགས་པ་རྣམས་བཞིན་དུ་འཆིང་[༢]བ་ལས་གྲོལ་ལ་ལོ།
དེ་ནས་སླར་མིའི་འཇིག་རྟེན་དུ་སྐྱེས་ན་ནི་ཆོས་དང་ལྡན་པའི་རྒྱལ་པོར་འགྱུར་རོ།
བསོད་ནམས་དང་ཡེ་ཤེས་ལས་བྱུང་བ་དེས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལྟ་བུར་སེམས་
ཅན་ཐམས་ཅད་ཉེ་བར་འཚོ་ཞིང་སྨོན་པའི་སེམས་ཀྱིས་[༢]སེམས་ཅན་ཐམས་ཅད་ཉེ་
བར་འཚོ་བར་བྱེད་ཅིང་ཐམས་ཅད་དུ་ཕན་འདོགས་པར་བྱེད་ད་དོ། སྐྱེ་ཞིང་སྐྱེ་བ་
རྣམས་སུ་ནི། དེ་བཞིན་གཤེགས་པའི་རིགས་སུ་སུ་སྐྱེ ཞེས་པ་ནི་དཔལ་ཤཱཀྱའི་
མགོན་པོ་ཇི་ལྟར་འཁྲུངས་པ་དེ་བཞིན་དུའོ། དེའི་ཕྱིར་ན་བདག་ཉིད་སངས་རྒྱས་
ཐམས་ཅད་ལ་སོགས་པའི་ངོ་བོ་ལ་བཟའ་བ་དང་བཏུང་བར་ལྡན་པས་མཆོད་པར་
བྱའོ༑ དད་པ་ཡིས་ནི་གཏོར་མ་སྦྱིན། ཞེས་པ་ནི་ལས་གང་འདོད་པ་རྣམས་ལ་
དད་པ་སྟེ་ཞི་བ་དང་རྒྱས་པ་ལ་སོགས་པ་རྣམས་སོ། ནག་པོའི་ཕྱོགས་ཀྱི་ཚེས་བཅུ་
ཞེས་པ་ནི་ཇི་ལྟ་བ་བཞིན་དུ་ངེས་པ་སྟེ་རང་གི་མཐེ་བོང་རྡོ་རྗེ་བརྟན་པོ་སྦྱར་ལ་དབུ་
མ་འདུད་པ་སྟེ། མཛུབ་མོ་སྦྱར་བར་གནས་པ་དཔྲལ་པའི་དབུས་ཀྱི་ཕྱོགས་སུ་
གཞག་[༤]ལ། རིམ་དང་རིམ་མིན་བཟློག་པར་བསྐོར་བར་བྱས་ལ་སྔགས་འདི་བརྗོད་
པར་བྱའོ། ཨོཾ་ཨཱ[༥]རལླི་ཧོཿཿཛཿཧཱུཾཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་[༦]ས་མ་ཡ་སྟྭཾ་དྲྀརྗ་ཤྲ་ཧོཿཞེས་
9288


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*