བསྡམས་པའོ། བདེན་བྲལ་དུ་ཡི་གེ་རཾ་ལས་བདེན་བྲལ་སྲིན་པོ་ལ་ཞོ།ན་པ། ཁ་
དོག་ལྗང་གུ་ལག་པ་བཞི་པ་སྟེ། རལ་གྲི་དང་ཐོད་པ་འཛིན་པ་དང་། ཐལ་མོ་
དམ་དུ་བསྡམས་པ་འཛིན་པའོ། ཆུར་ནི་ཡི་གེ་ ཾ་གྱིས་ཆུ་བདག་ཆུ་སྲིན་མ་ཀ་ར་ལ་
ཞོ།ན་པ་ཁ་དོག་དཀར་པོ་ལག་པ་བཞི་པ་སྟེ། ཞགས་པ་དང་། ཐོད་པ་འཛིན་པ་
དང་༑ ཐལ་མོ་སྦྱར་བའོ། རླུང་མཚམས་སུ་ཡི་གེ་ཡིཾ་ལས་རླུང་ལྷ་རི་དྭགས་ལ་
ཞོན་པ་དུད་ཁ་ལག་པ་བཞི་པ་སྟེ། བ་དན་དང་། ཐོད་པ་དང་། དེ་བཞིན་དུ་
ཐལ་མོའོ། ནོར་སྦྱིན་དུ་ཡི་གེ་ཀུཾ་གིས་ནོར་སྦྱིན་ནོར་གཏེར་ལ་ཞོན་པ་ཁ་དོག་སེར་
པོ་ལག་པ་བཞི་པ་སྟེ། རིན་པོ་ཆེ་དང་། ཐོད་པ་འཛིན་ཅིང་མཆོག་ཏུ་ཐལ་མོ་
སྦྱར་བའོ། རིམ་པ་བཞི་པའི་ཤར་ཕྱོགས་སུ་ནི་[༡]ཡི་གི་ཨོཾ་གྱིས་ཉི་མ་མདོག་དཀར་
པོ་སྟེ། ལག་པ་གཉིས་ཀ་ན་པདྨ་རེ་ཐོགས་པ་རྟ་བདུན་གྱིས་འདྲེན་པའི་ཤིང་རྟ་ལ་
ཞོན་པའོ། མེའི་གྲུར་ནི་སཾ་ལས་པ་པསངས་དཀར་པོ་གཡོན་ན་པདྨའི་སྟེང་ན་ནོར་
བུ་ཉི་མའི་མེ་ཅན་ན་ནོ། གཞན་གཉིས་ཀྱིས་ཐལ་མོ་དམ་དུ་སྦྱར་བ་ར་སྐྱེས་ལ་ཞོན་
པའོ༑ ལྷོར་ནི་ཨྃ་གིས་མིག་དམར་དམར་[༢]སྐྱ་རལ་གྲི་དང་ཞགས་པ་འཛིན་པ་
དང་༑ ཐལ་མོ་གཉིས་སྦྱར་བ་ཡི་དྭགས་ལ་ཞོན་པའོ། བདེན་བྲལ་དུ་ ཾ་གིས་རཱ་
ཧུ་ལ་ཁ་དོག་དུད་ཁ་གཡས་ན་ཉི་མ་གཡོན་ན་ཟླ་བ་གཞན་གཉིས་ཐལ་མོ་དམ་དུ་སྤྱར་
བ༑ ལུས་ཕྱེད་ཙམ་འཐོན་ནས་དུར་ཁྲོད་ན་གནས་པའོ། ནུབ་ཏུ་སཾ་གིས་སྤེན་པ་
སྔོན་པོ་ལག་པ་གཉིས་ན་ཐོད་པ་རེ་རེ་འཛིན་པ། ལག་པ་གཉིས་ཐལ་མོ་སྦྱར་བ་མེ་
དཔུང་[༢]རྣམ་པར་འབར་བ་ནི་མེ་ལྟ་བུ་ཅན་ནོ། རླུང་དུ་ཡི་གེ་སྨྲོྃ་གིས་ཟླ་བ་དཀར་
པོ་གཡོན་ན་པདྨ་ལ་ཟླ་བའི་ནོར་བུ་ཅན་དང་། གཡས་ན་པདྨའི་སྟེང་ན་ཟླ་བ་ཅན་
དང་༑ ལག་པ་གཉིས་པ་[༤]ཐལ་མོ་དམ་དུ་སྦྱར་བ་ངང་པ་ལ་ཞོན་པའོ། བྱང་
དུ་བཾ་གྱིས་ཕུར་བུ་ཁ་དོག་སེར་པོ་གཡོན་སྤྱི་བླུགས་དང་། གཡས་ན་ཐོད་པ་དང་།
923


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*