དཔ་ལ་འཁོར་ལོ་སྡོམ་པའི་རྒུབ་ཐབས་གནས་པ་ཐམས་ཅད་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ།

རོ༑ ཡང་ན་ལག་པ་གཉིས་པོ་དག་གིས་འཁྱུད་པ་ནི། རྡོ་རྗེ་ལུ་གུ་རྒྱུད་དུ་
གསུངས་ཏེ། ཤེས་རབ་དང་ཐབས་མཉམ་པར་སྦྱོར་བ་ནི་འདིར་ཁ་སྦྱོར་དུ་
གསུངས་སོ། རྡོ་རྗེ་ས་དབྱེ་བ་ཉིད་དག་དང་། ཞེས་པ་ལ་སོགས་པ་ནི།
པདྨར་རྡོ་རྗེ་རབ་ཏུ་གཞག་[༡]སྟེ། འདིར་འཁོར་ཞིང་རྡོ་རྗེ་གཡོས་པས་པདྨ་ཁ་ཕྱེ་
བའོ༑ དེ་བཞིན་སྒྲོ་ཡི་ཆུན་པོས་བསྐོར། ཞེས་པ་ལ། སྒྲོའི་ཆུན་པོས་ཞེས་པ་
ནི༑ སྦྲ་ང་རྩི་བྱེད་པ་པོར་གསུངས་སོ། བསྐོར་ཞེས་པ་ནི་དེ་གཡོ་བའོ། བདེ་
བས་དགའ་བའི་རང་གི་ངོ་བོའི་པདྨའི་ཞགས་པར་རབ་ཏུ་བཅུག་པ་དེའི་བདེ་བ་
ལྕགས་ཀྱུ་ལྟ་བུས་དེ་བཞིན་གཤེགས་པ་རྣམས་འགུགས་པ་ནི། ལྕགས་ཀྱུ་ཉིད་ཀྱིས་
འགུགས་པ་དང་། ཞེས་བྱའོ། གཏུན་ཤིང་གིས་ནི་དཀྲུགས་པ་དང་། ཞེས་
པ་ལ། དཀྲུགས་པ་ཞེས་པ་ནི། དངོས་པོ་ཐམས་ཅད་དཀྲུགས་པ་སྟེ། རྡོ་རྗེས་
འཁྲུག་པ་ནི་གཏུན་ཤིང་དུ་རབ་ཏུ་གསུངས་ས་སོ། རྡོ་རྗེ་ཉིད་ནི་བཟའ་བྱར་གསུངས།
ཞེས་པ་ལ། བཟའ་བྱ་ནི་རྡོ་རྗེ་སྟེ་གཅིག་ཏུ་འདུས་པའོ། དབུག་ལ་མདའ་ནི་
སྦྱར་བར་བྱ། ཞེས་པ་ལ་མདའ་ནི་སྒྲའོ། དབུག་ལ་ཞེས་པ་ནི་དེ་བཞིན་
གཤེགས་པ་རྣམས་ལའོ། ཡན་ལག་ཁ་ཊྭཱཾ་ག་དང་སྦྱར། ཞེས་པ་[༥]ནི། ཁ་ཊྭཱཾ་ག་
ནི་ལྷག་པའི་ལྷ་སྟེ། ནམ་མཁའ་ལྟ་བུའི་ཡན་ལག་ནི་ཁ་ཊྭཱཾ་གའོ། དུས་མིན་འཆི་
ལས་རྒྱལ་བ་ཡི། ཐོད་པའི་མཆོད་ཡོན་སྣོད་ལ་ནི། ཞལ་དུ་མཆོད་ཡོན་ངེས་
པར་སྦྱ་ར། ཞེས་པ་ནི། སྔགས་པས་ལྟེ་བའི་དབུས་སུ་རླུ་ང་དང་མེ་བསམ་པར་
བྱའོ༑ དེའི་སྟེང་གི་དབུས་སུ་སྣ་ཚོགས་པདྨའོ། དེའི་སྟེང་དུ་ཐོད་པ་བྱང་ཆུབ་
ཀྱི་སེམས་ཀྱི་[༢]བདུད་རྩི་ཡེ་ཤེས་ཀྱིས་ཡོངས་སུ་གང་བའོ། དེའི་དབུས་སུ་ཨཱ་ལི་དང་
ཀཱ་ལི་ལ་ཡེ་ཤེས་ལྔའི་རང་བཞིན་ཡི་གེ་ཧཱུཾཾུ་གིས་བྱིན་གྱིས་བརླབས་པའོ། བཾ་གྱིས་[༤]
རྡོ་རྗེ་སེམས་དཔའི་བདག་ཉིད་དུ་སྦྱོར་བ༐ཞི་བ་དང་[༥]སྙིང་རྗེ་སྟོན་ཀའི་ནམ་མཁའི་
347


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*