དང་འདྲ་བས་སྔགས་སོ། མཁའ་འགྲོ་མ་དང་གཅིག་ཏུ་སྦྱོར་བ་[༡]ཞེས་པ་འདི་
དག་ནི། གཉིས་ཡང་དག་པར་བསྡུ་བར་འགྲོ་བའོ། ཡང་ན་སྔགས་ཞེས་པ་
ནི་ཁྱད་པར་ཅན་གྱི་དབྱངས་དང་གསལ་བྱེད་དོ། འདི་ཉིད་ཀྱང་གང་ཞེ་ན།
དབྱངས་ཀྱི་དང་པོ་ཐིག་ལེ་དང་ལྡན་པ་པདྨའི་སྟེང་དུ་རྣམ་པར་[༢]བསམ་པར་བྱ་སྟེ།
དབུགས་སུ་འགྱུར་བ་འདིས་རྣམ་པ་སྣ་ཚོགས་པ་ཀུན་དུ་བསྡུས་པའི་རླུང་ཐམས་ཅད་
ཀྱི་དམ་པ་བདེ་བ་ཆེན་པོ་ཆོས་ཀྱི་དབྱིངས་གཞིག་ཏུ་མེད་པའོ། ཡི་གེ་ཨུ་དང་ཐིག་
ལེར་ཡང་དག་པར་ལྡན་པ་[༢]དེ་ལ་སྔགས་ཡང་དག་པར་བསྡུ་བ་སྟེ། འཇིག་རྟེན་
གསུམ་པོ་དགུག་ཅིང་བསྲེ་བའོ། བཟའ་དང་བཏུང་བ་ཞེས་པ་ལ་སོགས་པ་ནི་
གསལ་ལོ། དེ་བཞིན་དུ་ཆོ་ག་གཞན་བྱ་བ་ནི། སེར་སྐྱའི་མར་ནི་འཐུངས་ནས་
སུ༑ སྐྱུགས་པ་ཡིས་ནི་བསྐུ་བར་བྱ། ཞེས་པ་ནི་གསལ་ལོ། བསྐུ་བར་བྱ་ཞེས་
པ་ལ་སོགས་པ་ནི་སཱ་ལུ་དང་བསྲེས་པས་དྲིལ་བར་བྱ་བའོ། སྣུམ་ཁུར་ཞེས་པ་ཉིད་
ནི་གསལ་ལོ། ཆོ་ག་དེ་བཞིན་དུ་ཏིལ་ནག་པོ་དང་སྐེ་ཚེ་དང་བསྲེས་ཏེ་རྗོས་པ་
སྐྱུགས་པ་ཞེས་པ་ལ་སོགས་པའང་གསལ་ལ་ལོ། བ་ལང་ཤ་ལ་སོགས་པས་ནི།
ནང་གི་སྦྱིན་སྲེག་གསུངས་ཏེ། ལྟེ་བའི་མེའི་ཐབ་ཁུང་གི་པདྨའི་དབུས་ན་གནས་
པའི་ལྷ་མ་ཐེབ་ཚོན་གང་བ་ཙམ་ཕྱག་གཉིས་པ་མདོག་དམར་པོ་ཉི་མའི་དཀྱིལ་འཁོར་
མནན་ནས་བཞུགས་པ་འོད་ཟེར་གྱི་སྣང་བ་ཅན་མ་ཐེབ་ཚོན་གང་ཙམ་ལ་དབུགས་
ཀྱིས་འགུགས་[༤]ཤིང་བསྲེ་བསྲེ་བའོ། དེར་འགྲོ་བར་སེམས་ཀྱིས་བསམ་མམ། དབང་
དང་འགུགས་པ༐ཉིད་དང་[༥]ནི། དེའི་སྐད་ཅིག་ཅེས་པ་ལ་སོགས་པ་ནི་གསལ་ལོ།
རང་སྔགས་རྟག་ཏུ་འང་སྦ་བར་བྱའོ། ཞེས་པ་ལ་སྦ་བ་ནི་གསང་བ་སྟེ་ཤིན་ཏུ་སྦ་
བར་བྱ་བའོ། དམ་ཚིག་སྤྱོད་པའི་མཚན་ཉིད་དག། རབ་ཏུ་འབད་དེ་སྦ་བར་
བྱ༑ ཞེས་པ་ནི། གང་ཡང་ཇི་ལྟ་བུའི་བྲིས་སྐུ་དག་མི་བསྟན་པའོ། ཇི་ལྟར་
93བྱ་9


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*