ཡོན་ཏན་མ་ལུས་པའི་གནས་ཞེས་བྱ་བའི་འགྲེལ་པ་།

དགོས་པ་བསྟན་པས་དད་པའི་རྗེས་སུ་འབྲང་བ་དང་། ཆཱོག་པ་དང་ལྡན་པའི་
འཇུག་པ་པོའི་གང་ཟག་འཇུག་པའི་ཡན་ལག་ཏུ་དེ་ཉིད་འདིར་བརྗོད་པར་བྱ་སྟེ།
དེ་ནས་དེ་ཕྱིར་ཞེས་པ་ནས་བཟུང་སྟེ་ཅི་སྙེད་དཔལ་བདེ་མཆོག་འཁོར་ཁོའི་རྒྱུད་ལེའུ་
ལྔ་བཅུ་གཅིག་པའི་བར་གྱི་གཞུང་གི་ཆིག་[༡]ནི་རྗོད་བྱེད་དོ། གང་དེས་བཆཱོད་བྱ་
དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་ལ་སོགས་པ་མ་ལུས་པའི་ངོ་བོ་ཉིད་ནི་བརྗོད་པར་བྱ་
བའོ༑ འདིས་ནི་བརྗོད་བྱ་དང་རྗོད་བྱེད་བསྒྲུབ་[༢]བྱ་དང་སྒྲུབ་བྱེད་དང་།
ཐབས་དང་ཐབས་ལས་བྱུང་བ་དང་ཚིག་དང་ཚིག་ནི་དོན་དང་བསྐྱེད་བྱ་དང་སྐྱེད་
བྱེད་དང་རྒྱུ་དང་འབྲས་བུ་ལ་སོགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་འབྲེལ་པའོ།
དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་ལ་སོགས་པ་ལྷ་སུམ་ཅུ་རྩ་བདུན་གྱི་བདེ་བ་ཆེན་པོའི་
ཡེ་ཤེས་དངོས་སུ་སྐྱེད་པར་བྱེད་པ་དང་འོ་དོད་ཆགས་ལ་སོགས་པ་ཉོན་མོངས་པའི་
སྐྱོན་འཇོམས་པར་བྱེད་པ་ནི་དགོས་པའོ། དེ་ཡང་འོདོད་ཆགས་ལ་སོགས་པ་ཉོན་
མོངས་པའི་སྐྱོན་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཐོབ་པས་གསལ་[༢]ཏེ་ཚེགས་མེད་
པར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་འགྲོ་བས་བསྐྱེད་ནས་སེམས་
ཅན་གྱི་དོན་བྱེད་པ་ནི་དགོས་པའི་དགོས་པའོ། བཅོམ་ལྡན་འདས་ཀྱི་རྒྱུད་ཀྱི་ཚོགས་
སྐྱེ་འགྲོ་གཞུག་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པས་གསང་བའི་
དབང་བསྐུར་བའི་བར་ནི་དགོས་པ་ཡིན་ནོ་ཞེས་[༤]ཁ་ཅིག་གིའོ། ཕྱིས་ཀྱི་དུས་སུ་
དེའི་འབྲས་བུ་ཐོབ་པ་ནི་དགོས་པའི་དགོས་པའོ། དེ་ཡང་ངེས་པར་བརྫོད་པ་ནི་
བསྟན་བཅོས་ཀྱི་རྗེས་སུ་འབྲང་བའི་སྐྱེས་བུ་ལ་བསྟན་ན་ཉེ་བར་མཁོ་བ་ཉིད་ཀྱི་ཕྱིར་
རོ༑ འདིར་ནི་སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་[༥]དཔའ་བོ་དང་དཔའ་མོའི་
འཁོར་གྱིས་ཡོངས་སུ་བསྐོར་ནས་སྟོན་པ་པོ་ནི་བཅོམ་ལྡན་འདས་བཅོམ་ལྡན་འདས་
མས་རྟོགས་པར་བྱ་བ་ནི་ཁ་ཅིག་ཟེར་རོ། གཉིས་ཀ་ཡང་མགྲིན་གཅིག་གི་གསུང་
93


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*