རིམས་བཞིན་དུ་ཉེ་བར་དམིགས་ལ། ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལྟེ་བ་ལ་ཧཱུཾཾུ་
ངོ་༑ དེ་ལས་བྱུང་བའི་དེའི་རྣམ་པ་ཅན་གྱི་འོད་ཟེར་གྱིས་སེམས་ཅན་མ་ལུས་པའི་
ོདོན་བྱེ་ད་པ་ལ་གནས་ཤིང་ཁམས་གསུམ་ཁྱབ་པར་བྱས་ཏེ[༡]། ནམ་མཁའ་ལ་སྒྲའི་
ངོ་བོ་ཉིད་ཀྱིས་ཆོས་སྟོན་ཅིང་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་
རྣམས་གསལ་བར་བྱས་ཤིང་དག་པར་བྱས་ནས་རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་བླངས་ཏེ།
མཁའ་སྤྱོད་དང་ས་སྤྱོད་དང་ས་འོག་ན་གནས་པའི་རང་བཞིན་ཡི་གེ་གསུམ་དུ་གཞག་
པར་བྱའོ། དེ་ནས་ཨོཾ་ཨཱཆུལ་ཨཱཿཧཱུཾཾ་ལ་རིམ་པ་བཞིན་དུ་གཞུག་པར་བྱ་སྟེ། དེ་ནས་
དེ་བཞིན་དུ་འོད་ཟེར་གྱིས་རྡོ་རྗེ་རྩེ་གཅིག་ཏུ་བྱས་ལ་ཡང་གཞུག་པར་བྱ་སྟེ། རྡོ་
རྗེའི་རྭ་ཡང་རྡོ་རྗེའི་རྭ་ལའོ། རྡོ་རྗེའི་ལྟེ་བ་ལ་ཡང་ལྟེ་བ་ལའོ། ཨུ་ཡང་ཧ་ལའོ།
ཧ་ཡང་མགོ་བོ་ལའོ། མགོ་བོ་ཡང་ཟླ་ཕྱེད་ལའོ། ཟླ་ཕྱེད་ཀྱང་ཟིག་ལེ་ལའོ།
ཐིག་ལེ་ཡང་ནཱ་ད་ཙམ་དུ་གཞུག་པར་བྱའོ། ནཱ་ད་ཙམ་ཡང་མི་དམིགས་པར་
གཞག་པར་བྱའོ། སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པར་བྱ་བ་འི་དོན་དུ་ཡ་དུ་ཡ་དང་
ར་དང་བ་དང་ལ་ལས་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་ལ་སོགས་པ་
བསྐྱེད་ལ། དེའི་སྟེང་དུ་ ཾ།་ལས་པདྨའི་སྣོད་དུ་རུས་སྦལ་ལམ་ཐོད་པའོ། དེའི་
སྟེང་དུ་སུཾ་ལས་རི་རབ་གྲུ་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ལྕོག་བརྒྱད་ཀྱིས་
མཛེས་པའོ། དེའི་སྟེང་དུ་ཨ་ལས་སྣ་ཚོགས་ཀྱི་རྡོ་རྗེའོ། དེའི་སྟེང་དུ་ཁ་དོག་
བཞི་པའི་པདྨ་འདབ་མ་བརྒྱད་པའོ། དེའི་ལྟེ་བ་ལ་རཾ་ལས་ཉི་མའི་དཀྱིལ་འཁོར་
རོ༑ དེ་ལ་བཀོད་པའི་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་དཀར་ཞིང་དམར་བའི་ཟླ་
བའི་དཀྱིལ་འཁོར་བསམས་ལ་ནམ་མཁའི་ཕྱོགས་ནས་གོ་རིམས་བཞིན་དུ་ནཱ་ད་ཙམ་
ལས་ཧཱུཾཾ་དུ་བྱས་ལ། གོང་དུ་བསྟན་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསྒོམ་པར་
བྱའོ༑ དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཕྱག་བཅུ་གཉིས་པ། ཕྱག་
402


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*