རིག་པའི་རྒྱལ་པོ་ཧེ་རུ་ཀ ས་ཡི་དཀྱིལ་འཁོར་མཆོག་ཏུ་བརྗོད། ཅེས་པ་ནི་
སྔགས་རྒྱུད་རྣམས་ནས་རིན་པོ་ཆེ་བཞི་སྟེ། སྔགས་བཞི་ལ་རིན་པོ་ཆེ་བཞི་ཞེས་བྱའོ།
སོགས་པས་ནི་ཅི་ལྟ་བ་ཉིད་ཀྱི་དོན་དུ་གཟུང་[༡]ངོ་། དེ་ནས་འདིའི་དོན་ནི་
བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་ཕྲེང་བའི་[༢]སྔགས་ཉིད་དང་སྙིང་པོ་
དང་ཉེ་བའི་སྙིང་པོའི་རྣམས་སས་མ། དཔའ་བོ་དྲུག་དང་དཔའ་མོ་དྲུག་གི་སྙིང་པོ་
དང་ཉེ་བའི་སྙིང་པོའི་སྔགས་ས་སོ། སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་མའི་
སྔགས་ཀྱི་ཚིག་རྐང་བཞི་ཡིན་པའམ། ཕྱོགས་བཅིང་[༢]བའི་སྔགས་ཀྱི་ཚིག་རྐང་བཞི་
ཡིན་པར་བསྟན་པའོ། སྔགས་ནི་ཚིག་རྐང་བཞི་འབྱོར་བའི་ཕྱིར་རོ། ཧ་ལྔ་ཡང་
དཔལ་ཧེ་རུ་ཀའི་སྙིང་པོ་དང་འདྲ་བ་ཉིད་ཀྱི་ཕྱིར་ཅི་ལྟ་བའི་སྒྲའི་རྐྱེན་བསྟན་པ་ལས་
དོན་དམ་[༤]གྱི་སྟོབས་ཀྱིས་དཔགས་ལ་གོ་བར་བྱའོ་ཞེས་པའི་དོན་ཏོ། ཁྱད་པར་
རིག་པའི་རྒྱལ་པོ་དང་རྩ་བའི་སྔགས་ནི་བཞི་བཞིའི་ཚིག་ནི་རིན་པོ་ཆེར་གྱུར་པ་གང་
ཡིན་པ་ནི་རྣལ་འབྱོར་པའི་གང་འདོད་པ་དེ་ཐམས་ཅད་བྱེད་དོ། འདི་ཉིད་ཀྱི་
ཕྱིར་དགའ་བ་སྐྱེད་པས་རིན་པོ་ཆེའི་ངོ་བོ་ཉིད་ཀྱི་སྔགས་ཏེ། ཡིད་བཞིན་ནོར་བུ་
རིན་པོ་ཆེའི་ཕྲེང་བ་ལྟ་བུ་འདིས་འདོད་པའི་དོན་སྦྱིན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ།
དེ་ཉིད་ཀྱི་ཕྱིར། རིག་པའི་རྒྱལ་པོའི་ལས་ཀྱི་མཆོག ཅེས་བྱ་[༥]སྟེ། དེའི་
སྟོབས་ཀྱིས་རིག་པའི་རྒྱལ་པོ་ཞེས་བརྗོད་ད་དོ། ཕྲེང་བའི་སྔགས་སུ་མངོན་པར་
བརྫོད་པ་ལ་རྩ་བའི་སྔགས་སོ་ཞེས་པའི་དོན་ཏོ། དཔལ་ཧེ་རུ་ཀ་མོངོན་པར་
བརྫོད་པ་ལས་ཕྱིན་ཅི་རོག་གི་རྣལ་འབྱོར་མ་དྲུག་གིས་བསྡུ་བའི་ཆོ་གའི་ལེའུ་བརྒྱད་
པའི་འགྲེ་ལ་པའོ།
དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ནི་གོ་སླའོ། བཤད་བྱ་སྟེ་ཞེས་བྱ་
94བྱ་ཏྲ


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*