འདྲ་བར་བསྒོམ་ཞེས་པའི་དོན་ཏོ། རྒྱབ་ཏུ་ངེས་པར་བྱ་ཞེས་པ་ནི་གཞན་ན་རེ་
ལག་མཐིལ་དུ་ས་བོན་སྔགས་སམ་རྡོ་རྗེ་ཕག་མོ་དེ་འདི་ས་བསྟན་ནས་དེ་ལྟར་ཡང་
ལག་པའི་ཕྱི་རོལ་དུ། མེ་ལོང་གི་ནང་དུ་གཟུགས་བརྙན་མཐོང་བའི་གཟུགས་
བཞིན་དུ་ངེས་པར་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། ཡང་ན། རྒྱབ་ཏུ་མཁའ་
འགྲོ་མ་ཀུན་ན་ནི། ལག་པར་བཀོད་པ་དེ་ཉིད་དོ། ཞེས་པ་ནི་གཞན་གྱིས་ཏེ།
འདི་ཉིད་ཀྱི་ཕྱིར། མཁས་པས་རྒྱབ་ཏུ་གཤེགཤེགས་སུ་གསོལ། ཞེས་གསུངས་སོ།
དེ་ལྟར་ཆོ་གའི་བྱ་བ་འདིས་མཛའ་བ་ཐམས་ཅད་འདུས་པ་ན་རྣལ་འབྱོར་པས་སྔགས་
བཟླ་ཞིང་དཔའ་བོ་མཆོག་གིས་བརྡ་རྣམ་པ་ལྔ་བསྟན་པར་བྱའོ། སྒྲུབ་པ་པོས་ཡང་
ལྔ་གཟུང་བ་དེ་ནི་ལག་པའི་མཆོད་པའི་གནས་སྐབས་ཀྱི་བརྡ་རྣམ་པ་ལྔ་སྟེ། དྲི་
ཆེན་དང་ནི་དྲི་ཆུ་ལ་སོགས་པ་ལྔ་གཟུང་བའོ། སྤྱན་མ་ལ་སོགས་པ་གཟུང་བས་
གཟུགས་ཅན་མ་ལ་སོགས་པ་བཞི་གཟུང་བའོ། ཙུསྦི་ཀ་ནི་རྡོ་རྗེ་ཕག་མོ་འོ། དེ་
བཞིན་ཕ་རོལ་ཕྱིན་པ་ཉིད་ནི་སྟོང་པ་ཉིད་ནམ་མཁའི་རང་བཞིན་ཞེས་བྱ་སྟེ། དེ་
ཡིས་ཁྱད་པར་དུ་བྱེད་པ་ནི་གོ་སླའོ། དཔའ་བོས་བརྡའ་དང་བརྡའ་བྱའབྱའོ།
ཞེས་པ་ནི་ལག་པའི་མཆོད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པ་རྣལ་
འབྱོར་མ་དྲུག་གི་རྣམ་པས་དགོད་པར་བྱོའོ་ཞེས་པའི་དོན་ཏོ། དུང་ཆེན་པོ་དང་
ལེགས་པའི་རྫས་ལ་སོགས་པས་དཔའ་བོ་དང་དཔལ་ཧེ་རུ་ཀ་ལ་བརྡ་བྱ་བ་སྟེ།
མཆོད་པར་བྱ་ཞེས་པའི་དོན་ཏོ། དེ་ནས་ཙཱ་རུ་སྤྱད་པར་བྱ། ཞེས་པ་ནི་
མཆོག་བཟའ་བར་བྱ་བའོ། དེ་ལྟར་བྱས་པས་དཔའ་བོ་ཀུན་དང་རྣལ་འབྱོར་མ་
ཀུན་ཡང་དག་པར་སྦྱོར་བའི་དྲ་བའི་སྡོམ་པར་འགྱུར་ཞེས་པའི་དོན་ནམ། དེ་ལྟར་
གཞུང་གཞན་ཡང་ངོ་། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་བཟ་འ་བ་དང་སྦྱིན་
སྲེག་དང་གོཏོར་མའི་བྱ་བ་ལ་ལག་པའི་བརྡའི་ཆོ་གའི་ལེའུ་སུམ་ཅུ་རྩ་གཅིག་པའི་
9[8བྱ


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*