ཞེས་བྱ་བ་ལ་སོགས་པ་ནས། ལྟུང་བ་སྦོམ་པོར་འབྱུང་བར་འགྱུར། ཞེས་པ་ཡན་
ཆད་བླ་མས་བརྫོད་པར་བྱའོ། སློབ་མས་ཀྱང་། སློབ་དཔོན་འདིར་ནི་བདག་ལ་
གསོན། འདི་བཞིན་དུ་ནི་བདག་བགྱིད་དོ། གཙོ་བོས་ཇི་ལྟར་བཀའ་སྩལ་པ།
ཞེས་བརྗོད་པར་བྱའོ། དེ་བཞིན་དུ་སློབ་དཔོན་གྱིས་[༡]སྡོམ་པ་འཛིན་དུ་གཞུག་
ཅིང་ཀུ་ཤ་བཏིང་སྟེ་ཉལ་དུ་བཅུག་ལ་རྨི་ལམ་དུ་གང་ཅུང་ཟད་མཐོང་བ་ཐོ་རངས་སུ་
བདག་ལ་སྨྲོས་ཤིག་ཅེས་བརྗོད་ལ་དཀྱིལ་འཁོར་གྱི་ཁང་པར་འཇུག་གོ། ཨོཾ་བཛྲ་
ཀུཎྜ་ལི་བཛྲ་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱང་བསྲུང་བའི་དོན་དུ་བཟླས་ས་སོ། དེ་ནས་
གཏོར་མ་གཏོང་[༢]ོངོ་། ནང་པར་ཕྱིར་བྱུང་སྟེ་སྲོབ་མ་བོས་ལ་དགེ་བ་དང་མི་དགེ་
བའི་རྨི་ལམ་དྲིས་ལ་རྨི་ལམ་དང་རྗེས་སུ་མཐུན་པའི་གནས་རྗེས་སུ་གནང་ལ་བྲིས་
པའི་དཀྱིལ་འཁོར་ལ་མཆོད་པ་རྒྱ་ཆེན་པོ་བྱའོ། རང་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་
བས་སློབ་མ་འཇུག་པའི་ཆོ་གས་བདག་ཉིད་ཀྱང་ཞུགས་ལ་ཕྲེང་བའི་དབང་ལ་དོགས་
པ་ཡིད་ཀྱིས་ཐོབ་པར་བྱས་ལ་སློབ་མ་རྣམས་གཞུག་པའི་དོན་དུ། ཆོས་རྣམས་
གཟུགས་བརྙན་ལྟ་བུ་སྟེ། ཞེས་བྱ་བ་ལ་སོགས་པས་གསོལ་བ་གདབ་པར་བྱའོ།
གསོལ་བ་འདེབས་པ་[༤]དེ་ཉིད་ལ་ཡོལ་བའི་ཕྱི་རོལ་དུ་ཡོན་ཕུལ་བའི་སློབ་མ་དབང་
བསྐུར་བའི་དོན་དུ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ལ། ཨཱ་ ཾ་གཱི་ར་ཧཱུཾཾ་
ཞེས་བྱ་བའི་སྔགས་ཀྱི་[༥]མེ་ཏོག་གི་ཕྲེང་བ་གཟུང་ཞིང་ལས་ཐམས་ཅད་པའི་བུམ་པའི་
ཆུས་གཏོར་ཞིང་མིག་དཀྲིས་བཅིང་བར་བྱའོ། འདི་ཉིད་རྩ་བ་ལས་གསུངས་པ།
བཀབ་ཅེས་བྱ་བ་ལ་སོགས་པ་སྟེ། བུ་སྡུག་ཅེས་བྱ་བ་ནི་སློབ་མའོ། གཞུག་བྱ་
ཞེས་བྱ་བ་ལ་སོགས་པ་[༦]འདིའི་དོན་ནི་འདི་ལྟར་དགོངས་ཏེ། སློབ་མ་ལ་མིག་
དཀྲིས་བཀབ་ཀབ་ལ། སློབ་དཔོན་གྱིས་དཀྱིལ་འཁོར་དུ་གཞུག་[༧]པའི་ཆེད་དུ་དྲི་བར་
བྱའོ༑ བུ་ཁྱོད་དགའ་བ་གང་ལ་ཡིན། ཞེས་པའོ། དེ་ནས་དེ་ཉིད་ཀྱིས་
92


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*