གི་རིགས་དང་རྗེས་སུ་མཐུན་པའོ། མཚན་ཉིད་སྔོན་དུ་འགྲོ་བས་སྒྲུབ་པ་པོའི་སླར་
དེའི་རང་གི་རིགས་གསུངས་པ། གཡོན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་དང་
[༡]ལྡན་པ་ཞེས་པ་ནི་དམ་ཚིག་མོའོ། རིགས་ཀྱི་ས་བོན་ཞེས་པ་ནི་རིགས་ཀྱི་ས་བོན་
རྫོད་པར་བྱེ་ད་པའི་ཚིག་གོ། སྒྲུབ་པ་པོས་མཉེས་པར་བྱ་བ་གསུངས་པ། ཕྱག་
འཚལ་བ་ཞེས་པ་[༢]ལ་སོགས་པ་སྟེ། དམ་ཚིག་དང་ལྡན་པ་ལ་ཕྱག་འཚ་ལ་བ་ནི་ཐལ་
མོ་སྦྱར་ཏེ་འཆིང་བའོ། འདི་དག་ནི་རིམ་པར་ཕྱེ་བ་བཅུ་དྲུག་པའོ།
་དཀྱིལ་འཁོར་གཞན་ན་དགོད་པའི་རྣལ་འབྱོར་མ་བཅུ་བཞིའི་མཚན་ཉིད་ད་དང་
མིང་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པ་
བདུན་ཞེས་པ་ནི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་པོ་འདི་རྣམས་ཀྱི་གཟུགས་དང་རྣམ་པ་
ཞེས་དགོངས་པའོ། དེ་ལ་འདིར་[༢]མན་ངག་ནི་བརྩོན་འགྲུས་ཆེན་མོ་དང་།
འཁོར་ལོས་[༤]སྒྱུར་མ་དང་། སྟོབས་ཆེན་མོ་དང་། ཤིན་ཏུ་དཔའ་མོ་ཞེས་པ་སྟེ།
རྣལ་འབྱོར་མ་བཞི་ནི་གཤིན་རྗེ་མའོ། དེ་བཞིན་དུ་འཁོར་ལོའི་གོ་ཆ་མ་[༥]དང་།
ཆང་འཚོང་མ་དང་། དུམ་སྐྱེས་མ་དང་། འཁོར་ལོའི་ཤུགས་ཅན་མ་རྣམས་ནི་
སྐྲག་བྱེད་མ་འོ། ཁྭ་གདོང་མ་དང་། རྟ་རྣ་མ་དང་། ཤིན་ཏུ་བཟང་མོ་
དང་༑ ལྷ་མོ་སྔོ་བསངས་མ་རྣམས་ནི༐་ཤིན་ཏུ་འོད་[༦]ལྡན་མའོ། ཆང་འཐུང་མ་
དང་༑ རླུང་གི་ཤུགས་ཅན་མ་དང་། འཇིགས་བྱེད་ཆེན་མོ་དང་། ས་སྲུང་མ་
རྣམས་ནི་འཇིགས་སུ་རུང་བའོ། ཤིང་གྲིབ་མ་དང་། ལང་ཀའི་དབང་ཕྱུག་
མ་དང་། མིའུ་[༧]ཐུང་མ་དང་། དཔའ་བོའི་བློ་ཅན་མ་རྣམས་ནི་སྐྱེད་བྱེད་མ་རྣམས་
སོ༑ སྣ་ཆེན་མ་དང་། འོད་ལྡན་མ་དང་། གཏུམ་པའི་མིག་ཅན་མ་དང་། རབ་ཏུ་
གཏུམ་མོ་ཞེས་པ་བཞི་པོ་རྣམས་ནི༐བྷི་སུ་རའོ[༨]། ཡང༐དཔའ་བོའི་[༩]བློ་ཅན་མ་ནི།
9་ཅ8


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*